༄༅། །བྱ་སྤྱོད་ཀྱི་སྤྱིའི་ཆོ་གའི་རྣམ་པར་བཞག་པ་རིགས་གསུམ་ལ་སྦྱོར་ཚུལ་རྗེའི་ཕྱག་བཞེས་བཞིན་འདུལ་བ་འཛིན་པས་བཀོད་པ་བཞུགས་སོ། ། [001A] །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱུད་ལེགས་པར་གྲུབ་པ་དང། དབང་བཟང་གིས་ཞུས་པ་དང། བསམ་གཏན་ཕྱི་མ་ལ་སོགས་པ་བྱ་བ་སྤྱིའི་རྒྱུད་ལ་སོགས་པ་ནས་གསུངས་པ་དང་མཐུན་པར་བྱ་སྤྱོད་ཀྱི་ཆོ་ག་དང་ བསྙེན་པ་ཇི་ལྟར་བྱ་བའི་ཚུལ་ནི། བྱ་རྒྱུད་ལ་དཔལ་རྡོ་རྗེ་རྣམ་པར་འཇོམས་པ་སོགས་རྡོ་རྗེའི་རིགས་དང། དོན་ཡོད་ཞགས་པ་སོགས་པདྨའི་རིགས་དང། རྗེ་བཙུན་རྣམ་པར་རྒྱལ་མ་སོགས་དེ་བཞིན་གཤེགས་པའི་རིགས་ཏེ་རིགས་གསུམ་དུ་འདུས་པས། རིགས་ གསུམ་གྱི་ཆོ་ག་གང་བྱེད་པ་ལ་དབང་བའི་དབང་ལེགས་པར་ཐོབ་པ། བྱང་སེམས་ཀྱི་སྡོམ་པ་དང་སྔགས་ཀྱི་དམ་ཚིག་དང་ལྡན་ཞིང། ཇི་ལྟར་བྱ་བའི་རིམ་པ་ལ་མཁས་པའི་སྒྲུབ་པ་པོས་བྱ་དགོས་སོ། །ཇི་ལྟར་བྱ་བའི་ཆོ་ག་ནི། དེ་བཞིན་གཤེགས་པའི་རིགས་ བཅོམ་ལྡན་འདས་མ་གདུགས་དཀར་ཅན་ལ་ཆེན་ན། བཟླས་བརྗོད་ཀྱི་སྔོན་དུ་ཇི་ལྟར་བྱ་བ་ལ། ཐོག་མར་གནས་ཁང་དུ་ཇི་ལྟར་བྱ་བ་ནི། ཐལ་མོ་བཀན་པ་ལས་མཛུབ་མོ་གཉིས་ཅུང་ཟད་བཀུག་པ་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་ཕྱག་ རྒྱ་མགོ་ལ་བཞག་ནས། ཨོཾ་ཏ་ཐཱ་ག་ཏ་ཨུདྦྷ་ཝ་ཡེ་སཱཧཱ། ཞེས་བརྗོད་ནས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་དམིགས་ལ་ཐལ་མོ་སྦྱར་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཅི་ཏྟ་བཛྲ་པྲ་ཎ་མེ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་པཱ་ ད་བནྡ་ནཱཾ་ཀ་རོ་མི། ཞེས་ཕྱག་བྱའོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བདག་ཉིད་དུས་ཐམས་ཅད་དུ་ཡོངས་ཡེ་འབུལ་ན་ [002A]༄༅། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་བཞེས་སུ་གསོལ། བདག་ལ་དངོས་གྲུབ་བླ་ན་མེད་པ་སྩལ་དུ་གསོལ། །ཞེས་ལུས་དབུལ། སངས་རྒྱས་ཆོས་དང་ཚོགས་ མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བདག་དང་གཞན་དོན་སྒྲུབ་སླད་དུ། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །ཕྱོགས་བཅུ་དག་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་གསོན། །བདག་ གིས་རྫོགས་པའི་བྱང་ཆུབ་ཕྱིར། །དེང་ནས་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད། ལག་པ་གཉིས་སོར་མོ་ཕན་ཚུན་བསྣོལ་ཏེ་ཁུ་ཚུར་བཅངས་ལ་མཐེའུ་ཆུང་གཉིས་གཤིབས་ཏེ་བསྒྲེང་མཛུབ་མོ་རྩེ་མོ་ སྦྱར་བའི་གློར་མཐེ་བོང་གཉིས་བཅུགས་པའི་ཕྱག་རྒྱ་དང། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བཱ་ལཱ་ཧ་ན་ད་ཧ་པ་ཅ་བི་དྷ་ན་ས་ཡ་ཨུ་ཙྪུཥྨ་ཀྲོ་དྷ་ཧཱུཾ་ཕཊ། ཅེས་པ་ཁྲོ་བོ་མནོལ་བ་མེད་པའི་སྔགས་རྒྱས་བསྲུང་བར་བྱ་ཞིང་བཟའ་བཏུང་དང་བཤད་གཅིའི་ ཚེའང་བསྲུང་བར་བྱའོ། །སྙིང་གར་ཟླ་བ་ལ་རྣམ་སྣང་གི་ངོ་བོ་མ་ཡིག་དང། མགོ་བོ་ལ་མི་གཡོ་བའི་ངོ་བོ་ཧ་ཡིག་གཉིས་འབར་བའི་ཕྲེང་བ་འཁྲུག་པར་གྱུར་ བར་བསམ་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨྨཱ་སྭ་ བྷཱ་ཝ་ཤུདྡྷཉ་ཧཾ། ཆོས་ཐམས་ཅད་རང་བཞིན་གྱིས་དག་པར་གྱུར་ པར་མོས་པ་བྱའོ། །དེ་ནས་གནས་ཁང་ནས་ཕྱིར་བྱུང་སྟེ་སོ་ཤིང་བཅའ་བ་སོགས་དང་ལྷའི་ཁང་པ་སོགས་བྱི་དར་བྱའོ། །སྔར་བཤད་པའི་དམ་རྒྱ་བཅིངས་ནས། ཨོཾ་ཏ་ཐཱ་ [002B] ཞེས་དང། དེ་ནས་ཕྱི་རོལ་ཏུ་ཁྲུས་བྱས་ནས་སྒྲུབ་ཁང་དུ་འཇུག་པའི་ཚུལ་ནི། སྐྱེ་བོ་འདུ་བ་དང། འཇིགས་པ་མེད་པའི་འཇུག་དོགས་སུ་སོང་ནས་ལག་པ་གཉིས་ཀྱི་སོར་མེ་ཕྱི་རོལ་ཏུ་བསྣོལ་ཏེ་བཀུག་ནས་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང་མཐེ་བོང་གཉིས་དེའི་དྲུང་དུ་བཞག་པའི་ ཕྱག་རྒྱས་ས་གཙང་མ་ལ་གཏུགས་ཏེ། ཨོཾ་ནཾ་ཁ་ན་བ་སུ་དཧེ་སཱཧཱ། ཞེས་བརྗོད་ལ། ས་བླངས་ཏེ་ཆ་གསུམ་དུ་བགོས་པ་གནས་གཙང་མར་བཞག་གོ་མཐེ་བོང་གིས་མཐེའུ་ཆུང་གི་སེན་མོ་མནན་ལ་སོར་མོ་ལྷག་མ་རྣམས་རྡོ་རྗེའི་མཚན་ཉིད་དུ་བྱས་ཏེ། བསྣོལ་ནས་དཔུང་པར་བཞག་ཡ་སོས་མ་མཆུ་ མནན་ལ་ཁྲོ་བོའི་ལྟ་བས་བལྟ་ཞིང། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ་ཙནྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། ཏ་དྱ་ཐཱ། ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། དྷ་ནྡྷ་བྷ་ནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་བདུད་རྩི་ཐབ་སྦྱོར་གྱིས་རང་བསྲུང། རྡོ་རྗེ་ཁུ་ཚུར་ གཉིས་ནང་དུ་བཅིངས་ཏེ་མཛུབ་མོ་ཕྱུང་ནས་བསྒྲེང་ལ་མགོ་ནས་རྐང་པར་ཐུག་གི་བར་དུ་བྲབ་ཅིང། ཨོཾ་ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་ལུས་ཀྱི་བགེགས་བསལ་ལོ། །ཐལ་མོ་བཀན་པ་ལས་མཐེའུ་ཆུང་གཉིས་བསྣོལ་བའི་བར་དུ་སྲིད་ལག་གཉིས་བཞག་གུང་མོ་གཉིས་གཤིབས་ཏེ་བསྒྲེང་དེའི་ཚིགས་ གསུམ་པར་མཛུབ་མོ་བཀུག་སྟེ་མཐེ་བོང་གཉིས་སྦྱར་ནས་དབུས་སུ་བཞག་ལ། ཨོཾ་བཛྲ་ཨགྣི་པྲ་ཏི་པ་ཏཱ་ཡེ་སཱཧཱ། ཞེས་རྡོ་རྗེའི་གོ་བསྐོན། ཕྱག་རྒྱ་སྔ་མ་དེ་ཉིད་ལས་མཛུབ་མོ་གཉིས་བཀྱེད་ནས་རྡོ་རྗེའི་ཚུལ་དུ་བྱས་པ་གོ་ཆའི་ཕྱག་རྒྱ་དང། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཁ་ཀི་ལྀ་ཧཱུཾ་ཕཊ། ཅེས་ མགོ་བོ་དང། དཔུང་མགོ་གཉིས་དང། སྙིང་ག་དང། མགྲིན་པ་རྣམས་སུ་རེག་ལ་གོ་ཆ་བྱའོ། །གཡོན་པའི་སོར་མེ་དབུས་མ་གཉིས་མཐེ་བོང་གིས་མནན་ལ་མཛུབ་མོ་དང་མཐེའུ་ཆུང་གདུ་བུའི་ཚུལ་དུ་བྱས་ཏེ་སེར་མོ་དབུས་མའི་ཚིགས་དབུས་མར་གཟུག་གཡས་པའི་སོར་མོ་དབུས་མ་གསུམ་རྡོ་ [003A]༄༅། །རྗེའི་ཚུལ་དུ་བྱས་ཏེ་རྐེད་པའི་ཕྱོགས་སུ་བཞག་པ་བགེགས་བསལ་བའི་ཕྱག་རྒྱ་དང། ན་མོ་བཛྲ་ཡ་ཧཱུཾ། ཧ་ན་དཧུ་ན་མ་ཐ་བི་དཧྭ་ན་ས་ཡ་ཨུད་ས་ར་ཡ་ཕཊ། ཅེས་ཕྱག་རྒྱས་ས་དང་ཆུ་ལ་གཏུག་གོ་ ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ་ཙནྜ་ བཛྲ་པཱ་ཎ་ཡེ། ཨོཾ་ཧ་ན་ཧ་ན། བཛྲ་བཛྲ་ཎ་ཧ། ཞེས་པའི་སྔགས་འདི་ཆུ་ལ་གདབ་པ། །གཡོན་པའི་མཐེ་བོས་མཐེའུ་ཆུང་གི་སེན་མོ་མནན་ལ་སོར་མོ་ལྷག་མ་རྣམས་རྡོ་རྗེའི་མཚན་ཉིད་དུ་བྱས་པའི་ཕྱག་རྒྱས་ཆུ་ལ་གཏུགས་ནས། ཨོཾ་ཀཱི་ལི་ཀཱི་ལ་བཛྲ་ཧཱུཾ་ཕཊ། ཅེས་ཆུ་དེས་ས་ ལ་བསང་གཏོར་བྱའོ། །ཨོཾ་བཛྲ་ཧ་ར་ཧཱུཾ། ཞེས་ལན་བདུན་བསྔགས་པའི་སའི་ཆ་གཅིག་བླངས་ཏེ་ཆུའི་ནང་དུ་ལྟེ་བ་ནུབ་ཙམ་དུ་ཞུགས་ནས་ཁྲུས་རས་དང་བཅས་པར་ཁྲུས་བྱས་ཏེ་དེའང་ས་ཕུང་དང་པོས་ལུས་ཀྱི་ལྟེ་བ་མན་ཆད་བཀྲུ་བའོ། །དེ་ནས་སའི་ཆ་གཉིས་པས་ལག་པ་བཀྲུས་ནས་གཡས་ཀྱི་ཐལ་ མོ་བཀན་པ་ལས་མཛུབ་མོ་མཐེ་བོའི་དྲུང་དུ་བཞག་ཅིང་མཐེ་བོང་ཡང་མཛུབ་མོའི་ཚིགས་དབུས་མར་བྱས་པའི་དབྱངས་ཅན་གྱི་ཕྱག་རྒྱ་དང། ཨོཾ་ཤྲུ་ཏི་སྨྲྀ་ཏི་དཧྀ་ར་ནི་ཧཱུཾ་ཧ། ཞེས་པས་ཉེ་རེག་གི་དོད་ཐུབ་བྱ་བའམ་ཡང་ན་འོག་ནས་འབྱུང་བ་ལྟར་ཉ་རེག་བྱའོ། །ཨོཾ་སུ་སི་ཏི་ཀ་རི་ སཱཧཱ། ཞེས་གཙུག་ཕུད་བཅིངས་ནས་བསྲུང་བར་བྱའོ། །དེ་ནས་སའི་ཆ་གསུམ་པ་བླངས་ཏེ། ཨོཾ་བཧུར་ཛ་ལ་ཧཱུཾ་ཕཊ། ཅེས་བསྔགས་ཤིང་གཡས་ནས་བསྐོར་ཞིང་ཉི་མ་ལ་བསྟན་ནས་ལུས་ཐམས་ཅད་ལ་བསྐུ་བར་བྱའོ། །གཡས་པའི་ཐལ་མོ་བཀན་པ་ལས་ཕུང་མོ་དང་སྲིན་ལག་བཀུག་ སྟེ་མཐེ་བོའི་རྩེ་མོས་མནན་མཛུབ་མོ་དང་མཐེའུ་ཆུང་ཅུང་ཟད་བཀུག་པ་ཆུ་དཀྲུག་པའི་ཕྱག་རྒྱ་དང། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ་ཙཎྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། དཾཥྚོ་ཏ་ཀཊ་བཧཻ་ར་བཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ [003B] ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བི་གྷྣཱཾ་བི་ན་ཡ་ཀཱན། མཧཱ་ག་ཎ་པ་ཏི། ཛཱི་བི་ཏཱནྟ་ཀ་རཱ་ཡ་སཱཧཱ། ཞེས་ཆུ་དཀྲུགས་ནས། ཨོཾ་ར་ཏེར་ཏེ་བུདྡྷ་ཡ་སཱཧཱ། ཞེས་ཆུ་ཁྱོར་བ་གསུམ་དཀོན་མཆོག་གསུམ་ལ་དབུལ་ ལོ༑ ༑ ཨོཾ་ཨ་མྲྀ་ཏ་སཱཧཱ། ཞེས་རང་གི་མགོ་བོར་ཆུ་སྙིམ་པ་གསུམ་བླུག་ལ་ལག་པ་བཀྲུས་ཏེ་སྔགས་དེ་ཉིད་ཀྱིས་ཆུ་སྙིམ་པ་གསུམ་གྱིས་བདག་ཉིད་ལ་དབང་བསྐུར་བར་བྱའོ། །རྗེ་བཙུན་མ་གདུགས་དཀར་ཅན་གྱི་ལྷ་ཚོགས་སྤྱན་དྲངས་ཏེ་པདྨ་ལ་བཞུགས་པར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏེ་ སཱཧཱ། ཞེས་སྐུ་བསིལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏཱ་ཏཱ་པ་ཏྲེ་ཧཱུཾ་ཕཊ་སཱཧཱ། ཞེས་ཉེར་གཅིག་བཟླའོ། །དེ་ནས་ལྷའི་ཁང་པའི་དྲུང་དུ་ཕྱིན་པ་དང་རྐང་པ་བཀྲུས་ནས་ཤར་རམ་བྱང་དུ་ཁ་བལྟས་ནས་ཉེ་རེག་བྱ་སྟེ་དེའི་ཚུལ་ནི། ཙོག་ཙོག་པུར་འདུག་ཅིང་ངག་བཅད་ལག་པ་གཉིས་པུས་མོའི་ནང་ དུ་འོང་བར་བྱ། གཡས་པ་གན་རྐྱལ་དུ་གནས་པའི་གུང་མོ་དང་སྲིན་ལག་ཅུང་ཟད་བཀུག་ལ་ཁ་ལ་ཕྱོགས་པར་བཟུང་ངོ། །ཟེའུ་འབྲུའི་ཆས་ཁ་ལ་ལན་མང་དུ་བྱ་བ་ཅིང་ལན་གཉིས་གསུམ་དུ་རྣ་བུག་གཉིས་དང། མིག་གཉིས་དང། སྣ་དང། ཁ་དང། ལག་པ་དག་དང། ལྟེ་བ་དང། མགོ་ལ་རེག་ ནས་ཆུ་ཧུ་བ་གསུམ་འཐུངས་ཏེ། མཆུ་ལ་ལན་གཉིས་ཕྱི་བར་བྱའོ། །དེའི་སྡོམས་ནི། ཁ་རྣ་མིག་སྣ་ཁ་ལག་སྟེ། །མགོ་ཞེས་པའོ། །དེ་ནས་གནས་སུ་ཞུགས་ཏེ་ལྷ་རྣམས་མངོན་སུམ་དུ་དམིགས་ནས་སྔར་བཤད་པའི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ། སོགས་ཀྱིས་ཕྱག་བྱས་ནས། ཨོཾ་ བི་ར་ཛ་བི་ར་ཛ། མཧཱ་བཛྲི་ས་ཏ་ས་ཏ། ས་ར་ཏ་ས་ར་ཏེ། ཏྲ་ཡི་ཏྲ་ཡི། བིརྡྷ་མ་ནི་སཾ་བཧན་ཛ་ནི་ཏ་ར་མ་ཏི་སིདྡྷ་ཨ་གྲེ་ཏཾ་སཱཧཱ། ཞེས་དམ་ཚིག་ལ་འཇུག་པ་འདི་བཟླས་པར་བྱའོ། །ཆས་སུ་ཞུགས་ཏེ་སྟན་ལ་འཁོད་ནས་མཆོད་པ་བྱིན་གྱིས་བརླབ་པ་ནི། སྤོས་ཆུ་ [004A]༄༅། །ལག་མཐིལ་དུ་བླུག་ལ་དེ་བཞིན་གཤེགས་པའི་རིགས་ཀྱི་སྙིང་པོ། ཛི་ན་ཛི་ཀ་ ཅེས་པ་འདི་ལན་གསུམ་བཟླས་ལ་རང་གི་སྤྱི་བོར་བསངས་ཏོར་བྱས་ཏེ་འབགས་པའི་སྐྱོན་ལ་སོགས་པ་བསལ་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཞེས་པ་ནས། ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུཾ་ཕཊ་ ཞེས་པ་སྔར་བཤད་པའི་བདུད་རྩི་ཐབ་སྦྱོར་གྱི་སྔགས་ཀྱིས་ཀུ་ཤ་ལ་སོགས་པའི་གདན་ལ་བསང་གཏོར་བྱས་ནས་གདན་དེ་ལ་བཀྲ་ཤིས་སམ་པདྨའཾ་རྡོ་རྗེ་སྐྱིལ་ཀྲུང་གང་རུང་གིས་འདུག་པར་བྱའོ། །བུ་མོས་བཀལ་བའི་སྐུད་པ་གསུམ་ལ་སོགས་པ་གྲངས་མི་མཉམ་པ་སྒྲིལ་ནས་མདུད་པ་གྲངས་མི་མཉམ་པ་བོར་བའི་དབུས་ སུ་བོ་དེ་ཙེ་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྲེང་རྡོག་གཅིག་བཏགས་པ་སྤོས་ཀྱིས་བྱུགས་པ་ལ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སཱཧཱ། ཞེས་དེ་བཞིན་གཤེགས་པའི་རིགས་ཀྱི་གདུ་བུའི་རིག་སྔགས་འདི་བརྒྱ་བཟླས་པའི་གདུ་བུ་ལག་པ་གཡས་པའི་ མཁྲིག་མ་ལ་བཅིང་བར་བྱའོ། །དེ་ནས་ཀུ་ཤའི་བསང་བྱེད། ཛི་ན་ཛི་ཀ། ཅེས་བརྗོད་ཅིང། སྲིན་ལག་གཡས་པ་ལ་གདགས་སོ། །དར་རམ་རས་དམར་པོ་ལ་བྱས་པའི་ཟེའུ་ཁ་སྟེ་ཐོད་ལ། ཨོཾ་རཀྵ་རཀྵ་མན་སརྦ་བུདྡྷ་ཨ་དཧི་ཥྛ་ན་ཨཏྨ་ཙི་པ་ར་སཱཧཱ། ཞེས་པ་བཏབ་ལ་མགོ་ལ་བཅིང། གོས་ལ་འདུ་ སྔགས་དེ་ཉིད་བཏབ་ལ་གྱོན་ནོ། །ཨོཾ་སུ་སི་ཏི་ཀ་རི་སཱཧཱ། ཞེས་པས་སྔར་བཞིན་གཙུག་ཏོར་བཅིང་ངོ། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །ཞེས་པ་ནས། དེང་ནས་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་སྔར་བཤད་པ་བཞིན་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་བྱའོ། ། སྔར་བཤད་པའི་བདུད་རྩི་ཐབ་སྦྱོར་གྱི་སྔགས་སམ་ཡང་ན། ཨོཾ་ཏྲཾ་བྷནྡྷ་སཱཧཱ། ཞེས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་ལས་ཐམས་ཅད་དང། ཛི་ན་ཛི་ཀ། ཅེས་པ་བཟླས་པའི་སྤོས་ཆུ་འཐོར་ཡབ་ཀྱིས་གཏོར་ཏེ་མཆོད་རྫས་ཀྱི་བགེགས་བསལ་བར་བྱའོ། །སྔར་བཤད་པའི་བགེགས་ [004B] ཨོཾ་ཏེ་ཛ་ཏེ་ཛཿ་ས་ནི་སིདྡྷི་སཱ་དྷ་ཡ་ཧཱུཾ་ཕཊ། ཅེས་གཟི་བྱིན་བསྐྱེད་པའི་ སྔགས་བཟླས་པས། མཆོད་པ་རྣམས་ཕུལ་དུ་བྱུང་བའི་ལྷ་རྫས་སུ་གྱུར་ བར་བསམ་མོ། ན་མོ་རཏྣ་ཏྲ་ཡཱ་ཡ། ཞེས་པ་ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་པ་སྔར་བཤད་པའི་བདུད་རྩི་ཐབ་སྦྱོར་གྱི་སྔགས་དང། ཛི་ན་ཛི་ཀ། ཅེས་པའི་སྙིང་པོས་མཆོད་པ་རྣམས་བྱིན་གྱིས་བརླབ་པར་བྱའོ། །བདག་ དང་གནས་ལ་སྲུང་བ་བྱ་བ་ནི། ཨོཾ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་པ་སྔར་བཤད་པའི་ལུས་ཀྱི་བགེགས་བསལ་བའི་སྔགས་འདི་དང་ཕྱག་རྒྱས་བདག་ཉིད་བསྲུངས་ནས་རིགས་ཀྱི་ལས་ཐམས་ཅད་པའི་སྔགས་སམ། ཡང་ན་སྔར་བཤད་པའི། ན་མོ་རཏྣ་ཏྲ་ཡཱ་ཡ། ཞེས་པ་ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་ པ་བདུད་རྩི་ཐབ་སྦྱོར་གྱི་སྔགས་སྤོས་ཆུ་ལ་བཟླས་ནས་བདག་ལ་གཏོར་ལ་བགེགས་བསལ་བར་བྱའོ། །ཨོཾ་ཀཱི་ལི་ཀཱི་ལ་བཛྲི་བཛྲི་བཧུ་ར་བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ཅེས་སྤོས་ཆུ་ལ་ལན་བདུན་བཟླས་ཏེ་ཕྱོགས་ཀུན་ཏུ་བསང་གཏོར་བྱའོ། །ལག་པ་གཉིས་ཀྱི་གུང་མོ་དང་སྲིན་ལག་རྣམས་ཕན་ཚུན་གདུ་བུ་ལྟར་ བྱས་པ་ས་སོའི་དྲུང་དུ་རྩེ་མོ་སྦྱར་ཏེ་མཐེའུ་ཆུང་དང་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང། མཐེ་བོང་ཕུར་བུའི་ཚུལ་དུ་བྱས་ཏེ་ས་ལ་བཙུགས་པ་ཕུར་བུའི་ཕྱག་རྒྱ་དང། ཨོཾ་ཀཱི་ལི་ཀཱི་ལ་ཡ་བཛྲི་བཛྲི་བཧུར་བནྡྷ་བྷནྡྷ་ཧཱུཾ་ཕཊ། ཅེས་བརྗོད་པས། བགེགས་རྣམས་ལ་ཁྲོ་བོ་རྡོ་རྗེ་ཕུར་བུས་བཏབ་ པས་གཡོ་འགུལ་མེད་པར་གྱུར་ པར་བསམ་མོ། །ཨོཾ་སུ་སིདྡྷི་ཀ་ར་ཛྭ་ལི་ཏ། ཨ་ནནྟ་མུརྟ་ཡེ་ཛྭ་ལ་ཛྭ་ལ། བྷནྡྷ་བྷནྡྷ། ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པ་རིགས་གསུམ་སྤྱིའི་སྔགས་དང། ཨོཾ་ཛྭ་ལ་ཧཱུཾ། ཞེས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་སྔགས་བཟླས་ [005A]༄༅། །པའི་བདུག་པས་བདུག་སྟེ། སྟེང་གི་ལྷའི་གདོན་རྣམས་བཅིངས་པར་གྱུར་ པར་བསམ། ཛི་ན་ཛི་ཀ། ཅེས་བཟླས་པའི་སྤོས་ཆུས་ཁོ་ན་ཁོར་ཡུག་ཏུ་གཏོར། བྷྲཱུཾ་ཨོཾ་ཨ་མྲྀ་ཏོདྦྷ་ཝ་ཨུདྦྷ་ཝ་ཧཱུཾ་ཕཊ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ་ཙཎ་བཛྲ་ པཱ་ཎ་ཡེ། མཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཨོཾ་སུམྦྷ་ན་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝ་ན་བི་དྱཱ་རཱ་ཛ་ཧཱུཾ་ཕཊ་སཱཧཱ། ཞེས་པ་རིགས་གསུམ་གྱི་རིག་པའི་རྒྱལ་པོའི་སྔགས་བརྗོད་པས། ཕྱོགས་ཀྱི་བགེགས་ཐམས་ཅད་བཅིངས་པར་ གྱུར་ པར་བསམ་མོ། །སྔར་གྱི་བུང་བུའི་ཕྱག་རྒྱ་ལས་མཐེ་བོང་གཉིས་གྱེན་དུ་བསྒྲེང་བ་ར་བའི་ཕྱག་རྒྱ་དང། ན་མ་རཏྣ་ཏྲ་ཡཱ་ཡ། ན་མཿ་ཙཎྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཏ་དྱ་ཐཱ། ཨོཾ་ས་ར་ས་ར། བཛྲ་པྲ་ཀར་ཧཱུཾ་ཕཊ། ཅེས་བརྗོད་པས། རྡོ་རྗེའི་ར་བས་ བར་མཚམས་མེད་པར་བསྐོར་བར་གྱུར་ བར་བསམ་མོ། །ར་བའི་ཕྱག་རྒྱ་ཉིད་ཁ་ཐུར་དུ་བསྟན་ནས་བསྐོར་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ་ཙཎྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཨོཾ་བཧི་སྥུ་རཀྵ་བཛྲ་པཱ་ཎི་ཧཱུཾ་ཕཊ། ཅེས་པས། རྡོ་རྗེ་ར་བའི་སྟེང་དུ་རྡོ་རྗེའི་གུར་དུ་ གྱུར་ བར་བསམ་མོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཞེས་པ་ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་སྔར་བཤད་པའི་བདུད་རྩི་ཐབ་སྦྱོར་གྱི་སྔགས་དང་སྔར་གྱི་ཕུར་བུའི་ཕྱག་རྒྱ་བཅས་ལ། ཨོཾ་ཀཱི་ལི་ཀཱི་ལ་བཛྲི་བཛྲི་བཧུར་བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ཅེས་པས། ར་བ་ལ་སོགས་པ་རྣམས་བྱིན་གྱིས་བརླབ་པར་ བྱའོ། །ཁུ་ཚུར་བཅིངས་ཏེ་མཐེ་བོས་སེན་མོ་རྣམས་མནན་མཛུབ་མོ་ཕྱུང་ལ། དབུས་ནས་བསྐོར་ཞིང། ན་མཿ་ས་མནྟ་བཛྲ་ཎཾ། ཨོཾ་ཏ་ར་ཏ་ར། ཏུ་རུ་ཏུ་རུ། མ་ཊ་མ་ཊ། བནྡྷ་བནྡྷ། སརྦ་ཏྲ་ཨ་པྲ་ཏཧ་ཏེ། ས་སི་མེ་ས་མ་བནྡྷ་ཀུ་རུ་ཀུ་རུ། ཏ་ར་ཏ་ར། ས་མནྟ་བཛྲ་ [005B] ཀུ་རུ་ཨ་མ་ལ་ཀུ་རུ་ཎ། མ་ཡེ་ཏུ་ཏ་ཡེ་ཏུ་ཏ་ཡེ། པ་ར་པ་ར། ཀ་ར་ཀ་ར། སུ་མཾ་མས་ནནྟ་བི་དཧྭན་ས་ཡེ། ཛྭ་ལ་ཡ་སཱཧཱ། ཞེས་བརྗོད་པས། རྡོ་རྗེ་ར་བའི་ཕྱོགས་ཐམས་ཅད་དུ་མེ་དཔུང་འབར་བས་ཁྱབ་པར་གྱུར་པར་བསམས་ལ་མཚམས་བཅིང་ ངོ། །བཟླས་བརྗོད་སོགས་ཀྱི་དངོས་གཞི་ལ་ཇི་ལྟར་བྱ་བ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཱ་སརྦ་དྷརྨཱ་སབྷཱ་ཝ་ཤུདྡྷོཉྷཾ། དེ་ལྟར་བདག་གི་དེ་ཁོ་ན་ཉིད་དོན་དམ་པར་སྤྲོས་པ་ཐམས་ཅད་དང་བྲལ་བ་ཇི་ལྟར་ཡིན་པ་དེ་བཞིན་དུ་ལྷའི་དེ་ཁོ་ན་ཉིད་ཀྱང་དེ་བཞིན་ཡིན་པས། དེ་གཉིས་ ཆུ་དང་འོ་མ་འདྲེས་པ་བཞིན་དུ་རྣམ་པར་མི་རྟོག་པའི་སྣང་བའི་སྒོ་དེ་ཉིད་དུ་བདག་དང་ལྷའི་དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པར་གྱུར། སྟོང་པ་ཉིད་བསྒོམ་པ་ནི་ལྷ་དྲུག་གི་དང་པོ་དོན་དམ་པའི་ལྷའོ། །སྟོང་པའི་ངང་ལས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་ཕཊ་སཱཧཱ་ ཞེས་པའི་སྔགས་ཀྱི་གདངས་ཀྱི་རྣམ་པར་ནམ་མཁའ་ལ་གྲགས་པར་གྱུར་པར་བསམ་པ་ནི་གཉིས་པ་གདངས་སམ་སྒྲའི་ལྷའོ། །བདག་དང་ལྷའི་དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པའི་རྣམ་པ་ཅན་གྱི་རང་གི་སེམས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་སྔགས་ཀྱི་གདངས་ ཀྱི་རྣམ་པར་ནམ་མཁའ་ལ་གྲག་པ་དེ་ཤིན་ཏུ་དག་པའི་དངུལ་ཆུ་གསེར་གྱི་བྱེ་མ་ལ་ཞེན་པ་ལྟར། ཡིག་འབྲུ་བྲིས་པའི་རྣམ་པ་ཅན་དུ་འཁོད་པ་ར་བསམ་པ་ནི་གསུམ་པ་ཡི་གེའམ་ལྷའོ། །ཡོངས་སུ་གྱུར་པ་ལས། གདུགས་དཀར་པོའི་ཏོག་ལ་ཨོཾ་སརྦ་ཏ་ཐཱ་ག་ ཏ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲཾ་ཧཱུཾ་ཕཊ། སཱཧཱ། ཞེས་པས་མཚན་པར་གྱུར། ཟླ་བ་དང་ཕྱག་མཚན་སྔགས་དང་བཅས་པ་ལས་འོད་ཟེར་སྣ་ཚོགས་བྱུང་བའི་རྩེ་མོ་ལས་གདུགས་དཀར་མོ་ཅན་གྱི་ལྷའི་གཟུགས་དཔག་ཏུ་མེད་པ་བྱུང་ནས་ནམ་མཁའ་ [006A]༄༅། །དབྱིངས་ཐམས་ཅད་ཁྱབ་པར་བྱས། རྒྱས་པ་ཐམས་ཅད་ལ་མཆོད་པའི་སྤྲིན་ཆེན་པོ་སྤྲུལ་པས་ལེགས་པར་མཆོད། གཞན་ཡང་སྤྲིན་ཆེན་པོ་སྤྲུལ་པ་ལས་བདུད་རྩིའི་ཆར་རྒྱུན་བབ་པས་དམྱལ་བ་ལ་སོགས་ པའི་འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་གྱི་མེ་རྣམས་ཞི་ཞིང་དེ་རྣམས་ཆིམ་པར་བྱས། ལྷའི་སྐུ་དང་བཅས་པའི་འོད་ཟེར་སླར་ལོག་ནས་རང་གི་སེམས་ཟླ་བའི་དཀྱིལ་འཁོར་དང་ཕྱག་མཚན་སྔགས་དང་བཅས་པ་ལ་ཞུགས་པ་ལས། རང་ཉིད་བཅོམ་ལྡན་བདས་ མ་གདུགས་དཀར་པོ་ཅན་སྐུ་མདོག་དཀར་མོ། །རྡོ་རྗེ་གཙུག་ཏོར་ཕྱིར་བཟློག་པ་ཆེན་མོ། སྤྲུལ་པའི་དབུ་སྟོང་མངའ་བ་ཕྱག་སྟོང་མངའ་བ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། མི་ཕྱེད་འབར་བའི་མཚན་རྟགས་ཅན་རྡོ་རྗེ་ཡངས་པ་ཆེན་མོ། ས་གསུམ་གྱི་དཀྱིལ་ འཁོར་ལ་མངའ་མཛད་མ། རྩ་བའི་ཕྱག་དང་པོ་གཉིས་ཀྱིས་གདུགས་དཀར་པོའི་ཡུ་བ་ཐུགས་ཀར་འཛིན་ཅིང། ཕྱག་ལྷག་མ་རྣམས་ཀྱིས་མཚོན་ཆ་རབ་ཏུ་འབར་བ་སྣ་ཚོགས་པ་འཛིན་པ། དར་གྱི་སྟོད་གཡོགས་དང་སྨད་གཡོགས་ཅན་ རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་ ལྷར་བསྒོམ་ཞིང་རང་དང་ཐ་མི་དད་པའི་ང་རྒྱལ་བྱ་བ་ནི་བཞི་པ་གཟུགས་ཀྱི་ལྷའོ། །དེའི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོའི་ལྟེ་བར་ཨོཾ་གྱིས་མཚན་པ། མགྲིན་ པར་ཨཱ་ལས་པདྨ་དམར་པོའི་ལྟེ་བར་ཨཱ་ས་མཚན་པ། ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་སྔོན་པོའི་ལྟེ་བར་ཧཱུཾ་གིས་མཚན་པ། སྔར་བཤད་པའི་དེ་བཞིན་གཤེགས་པའི་རིགས་གྱི་དམ་རྒྱ་བཅིངས་ལ། ཨོཾ་ཏ་ཐཱ་ག་ཏ་ཨུདྦྷ་ཝ་ཡེ་སཱ་ཧཱ། ཞེས་བརྗོད་པས་ [006B] ཐུགས་ཀ་དང་སྨིན་མཚམས་དང་མགྲིན་པ་དང་དཔུང་མགོ་རྣམས་སུ་རེག་ལ་བྱིན་གྱིས་བརླབ་པ་ནི་ལྔ་པ་ཕྱག་རྒྱའི་ལྷའོ། །དེ་ལྟར་བསྐྱེད་ཟིན་པའི་ལྷ་དེ་ཉིད་ལ་དམིགས་ནས་གསལ་འདེབས་པ་སོགས་ཀྱི་དཔྱད་སྒོམ་དང་སེམས་རྩེ་གཅིག་པའི་འཇིག་སྒོམ་བྱེད་པ་ནི་དྲུག་པ་མཚན་མའི་ལྷའོ། །དེ་ལྟར་བྱ་སྤྱོད་ཀྱི་སྐབས་ སུ་ལྷ་དྲུག་སྒོམ་དགོས་པར་རྣམ་འཇོམས་ཀྱི་རྒྱུད་རྒྱས་པར་གསལ་བར་གསུངས་པ་སློབ་དཔོན་སངས་རྒྱས་གསང་བའི་རྣམ་འཇོམས་ཀྱི་འགྲེལ་པ་ལས། དང་པོར་ཁྲུས་བྱས་རྣལ་འབྱོར་པས། །རྡོ་རྗེ་གདན་ལ་གནས་ནས་ནི། །མཆོད་དང་གསོལ་བས་ལྷ་དྲུག་བསྒོམ། །སྟོང་པ་ཡི་གེ་སྒྲ་གཟུགས་དང། །ཕྱག་རྒྱ་མཚན་ མ་དྲུག་ཡིན་ཏེ། ཞེས་དྲངས་ཤིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞུགས་པ་སྟོང་པ་ཉིད་ལ་སོགས་པའི་བྱང་ཆུབ་པ་དྲུག་གིས་བདག་ཕྱག་ན་རྡོ་རྗེར་བྱ་བ་དང། ཞེས་དང། བྱ་རྒྱུད་བསམ་གཏན་ཕྱི་མ་ལས་ཀྱང། བདག་ཉིད་འདི་འདྲར་བྱས་ནས་ནི། །སྔགས་ཀྱི་རྣམ་པར་ཤེས་པ་བསྒོམ། །ཞེས་པའི་ འགྲེལ་པར། སྔགས་ཀྱི་རྣམ་པར་ཤེས་པ་ནི་གསང་སྔགས་རྣམ་པ་དྲུག་ཅེས་གསུངས་པ་དེའང་ལྷ་དྲུག་ཡིན་ནོ། །ཡང་འགྲེལ་པ་དེ་ཉིད་ལས། འདི་ནི་རེ་ཞིག་སྤྱིའི་གསང་སྔགས་ཀྱི་རྣམ་པར་ཤེས་པ་སྒོམ་པའི་རིམ་པའོ། །གང་ཁ་ཅིག་ཏུ་རྣམ་པ་གཞན་དུ་གསུངས་པ་དེ་དག་ཏུའང་དེ་བཞིན་དུ་ སྦྱར་བར་བྱའོ། །ཞེས་བྱ་རྒྱུད་པའི་ལྷའི་རྣལ་འབྱོར་གྱི་བསྐྱེད་ཆོག་འདི་དང་འདྲ་མི་འདྲ་ཐམས་ཅད་ལ་སྦྱོར་བར་བཞེད་དོ། །དེ་དག་གིས་ནི་བྱ་རྒྱུད་ལ་རང་ཉིད་ལྷར་སྒོམ་པ་མེད་ཅེས་པའང་ཁེགས་སོ། །དེ་ནས་ཆུ་གཉིས་ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པ་འོག་ནས་འབྱུང་བ་ལྟར་སྔགས་ དང་ཕྱག་རྒྱ་དང་བཅས་པས་དབུལ་བར་བྱའོ། །བསྟོད་པ་ན་ ། རྒྱལ་བ་ཀུན་གྱི་མཚན་མཆོག་གཙུག་ཏོར་ནས། །ལེགས་པར་བྱུང་བའི་རྨད་བྱུང་ལྷ་མོ་ནི། །གཞན་གྱིས་མི་ཐུབ་གཙུག་ཏོར་གདུགས་དཀར་ཞེས། །ཡོངས་སུ་གྲགས་པ་དེ་ལ་ཕྱག་འཚལ་ལོ། །སྤྲུལ་ [007A]༄༅། །པའི་དབུ་དང་ཕྱག་ནི་སྟོང་མངའ་ཞིང། །བྱེ་བ་བརྒྱ་སྟོང་སྤྱན་ལྡན་དཔའ་མོ་གང། །ཕས་རྒོལ་འཇོམས་ལ་ཐོགས་མེད་མཐུ་ལྡན་པའི། །མི་ཕྱེད་འབར་བའི་རྟགས་འཆད་དེ་ལ་འདུད། ། ཅེས་པས་བསྟོད། ཡེ་ཤེས་ པ་གཞུག་པ་དང་དབང་བསྐུར་ཞིང་རྒྱས་གདབ་པ་སོགས་པཎྜི་ཏ་གཞན་གྱིས་གསུངས་པ་ལྟར་བྱས་ནའང་རུང་ལ། སློབ་དཔོན་སངས་རྒྱས་གསང་བ་སོགས་ཀྱིས་མ་བཤད་པ་ལྟར་ནའང་འགལ་བ་མེད་ཅེས་གསུང་ངོ། །མདུན་དུ་ཡེ་ཤེས་པ་སྤྱན་དྲངས་ཏེ་མཆོད་པ་སོགས་ཀྱི་ཚུལ་ལ་ རྟེན་བསྐྱེད་པ་ནི། རང་གི་མདུན་དུ་ བྲིས་སྐུ་ལ་སོགས་པ་གང་དུ་བཀྲམ་པའི་ཕྱོགས་སུ་དམིགས་ལ་ ། རིན་པོ་ཆེ་དུ་མ་ལས་བྱས་པའི་ས་གཞི་གསེར་གྱི་བྱེ་མ་བརྡལ་བར་གྱུར་ པར་བསམ་ ། ཨོཾ་ཙ་ལ་བའི་ཧཱུཾ་སཱ་ཧཱ། ཞེས་བརྗོད་པས་བྱིན་གྱིས་བརླབ་ ། དེའི་སྟེང་དུ་ འོ་མའི་རྒྱ་མཚོ་ཆེན་པོ་ཉ་ལྕིབས་ལ་སོགས་པའི་སྐྱོན་དང་བྲལ་པ་པདྨ་དང་ཨུཏྤལ་ལ་སོཌ་པའི་མེ་ཏོག་གིས་བརྒྱན་པ། རིན་པོ་ཆེའི་བྱའི་ཚོགས་མང་པོ་ལྡིང་བར་གྱུར། ཨོཾ་བི་མ་ལ་དྷ་ཧ་ཧཱུཾ། ཞེས་པས་བྱིན་གྱིས་བརླབ་ ། དེའི་དབུས་སུ་རི་རབ་གྲུ་བཞིན་པ་ངོས་ བཞི་ནས་གསེར་དང་དངུལ་དང་ཨིཎྜྲ་ནཱི་ལ་དང་སྦུར་ལོང་ལས་བྱས་པའི་ཐེམ་སྐས་ཀྱི་ཕྲེང་བས་བརྒྱན་པ། མཐའ་ཐོག་ཐག་དཔག་བསམ་གྱི་ཤིང་ལེགས་པར་འཁྲུངས་པ་ལ་རྣམ་པར་རྒྱལ་བའི་བ་དན་སྟོང་འཕུར་བས་བརྒྱན་པ། དེའི་སྟེང་དུ་པདྨའི་ སྡོང་པོ་རིན་པོ་ཆེ་དུ་མས་བརྒྱན་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་འདབ་མ་ཅན། གསེར་གྱི་ཟ་བ་དང་སྦུར་ལོང་གི་ཟེའུ་འབྲུ་དང་ལྡན་པ། སྙིང་པོའི་ཐོག་ལ་གསེར་དངུལ་གྱི་རི་མོས་བསྐོར་བ། དཔག་ཚད་དུ་མའི་ཁྱོན་ཅན་རི་རབ་ཀྱི་དབུས་བརྟོལ་ནས་བྱུང་བའི་ [007B] ཕྱི་ནས་རིམ་པ་བཞིན་སྔོ་སེར་དམར་ལྗང་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་རིན་པོ་ཆེའི་རྩིག་པས་བསྐོར་བའི་སྟེང་ན། རིན་པོ་ཆེའི་ཕ་གུ་གཞི་དམར་པོ་ལ་རིན་པོ་ཆེ་ཟུར་གསུམ་དང་གྲུ་ བཞི་ལ་སོགས་པས་སྤྲས་པ། དེའི་སྟེང་ན་གནས་པའི་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ། ཆུ་སྲིན་གྱི་ཁ་ནས་མུ་ཏིག་གི་དོ་ཤལ་དང་དོ་ཤལ་ཕྱེད་པ་འཕྱང་བ། དེའི་ཕྱི་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། དེའི་སྟེང་ན་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱི་ མདའ་ཡབ་ལ་གནས་པའི་གསེར་གྱི་བུམ་པ་ནས་འཐོན་པའི་རྒྱལ་མཚན་དང་བ་དན་བརྒྱད་བརྒྱད་ཀྱིས་མཛེས་པར་བྱས་པ་ཕྱིའི་སྟེང་གི་ཟུར་བཞི་ལ་གདུགས་བཞིས་བརྒྱན་པ། རྩིག་པའི་འགྲམ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ་བཞུགས་ སྟབས་དང་ཁ་དོག་སྣ་ཚོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་ཕྱིའི་མཚམས་དང་རྩིག་པའི་ཕྱི་ནང་གི་ཟུར་བཞིར་ཟླ་ཕྱེད་ལ་གནས་པའི་རིན་པོ་ཆེ་དམར་པོའི་སྟེང་དུ་རྡོ་རྗེས་བརྒྱན་པ། སྒོ་བཞི་སོ་སོའི་མདུན་དུ་སྟེགས་བུ་གྲུ་ བཞིའི་སྟང་དུ་བུམ་པ་ལ་གནས་པའི་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས། གསེར་དང། ཤར་བུ་དང། རིན་པོ་ཆེ་དང། རྟ་རྨིག་དང། མུན་སྣམ་པ་དང། བར་ཎད་དང། མུན་པ་དང། ཤར་བུ་དང། རི་པོ་ཆེ་དང། རྨིག་པ་དང། མདའ་ཡབ་སྟེ་སྣམ་ བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་ཆོས་ཀྱི་འཁོར་ལོའི་གཡས་གཡོན་དུ་རི་དྭགས་ཕ་མོ་དང་བཅས་པ། རྟ་བས་ཀྱི་གཡས་གཡོན་དུ་བུམ་པ་བཟང་པོ་ལས་སྐྱེས་པའི་དཔག་བསམ་གྱི་ཤིང་ལ། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང། བར་བར་དུ་གྲུབ་པ་ [008A]༄༅། །ཐོབ་པ་དང། སྤྲིན་གྱི་གསེབ་ནས་བྱུང་བའི་ལྷ་མེ་ཏོག་གི་འཕྲེང་བ་བཟུང་བ་རྣམས་ཀྱིས་ཀུན་ནས་མཛེས་པར་བྱས་པ། ཀ་བ་བརྒྱད་ཀྱིས་བཏེག་པའི་རྡོ་རྗེའི་གདུང་གིས་མཛེས་པར་ཕུབ་པའི་རྩེ་མོ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་སྤྲས་ པ༑ ལྷ་དང་མི་ལས་ཡོན་ཏན་ཁྱད་པར་དུ་འཕགས་པའི་གང་བཟང་དམ་པ་ཕྱི་བལྟས་ནང་གསལ་བ། ནང་བླས་ཕྱི་གསལ་བའི་ནང་གི་སྟེང་དང་འོག་གི་ས་བཞི་ཐམས་ཅད་ཤར་སྒོ། ལྷོ་སེར། ནུབ་དམར། བྱང་ལྗང། དབུས་དཀར་བར་གྱུར་པའི་ ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བའི་སྟེང་དུ་སེང་གེའི་ཁྲི། ཤར་དུ་གླང་པོ་ཆེ། ལྷོར་རྟ་མཆོག་ནུབ་ཏུ་རྨ་བྱ། བྱང་དུ་ནམ་མཁའི་ལྡིང་གི་ཁྲི་རྣམས་དང། དེའི་ཕྱི་རོལ་ཏུ་འཁོར་ལོ་སེར་པོ་རྩིབས་བཅུ་དྲུག་པ་དང། སྟེང་འོག་གི་གནས་གཉིས་ དང་གྲྭ་བཞིའི་ཕྱི་ནང་གཉིས་གཉིས་དང། སྒོ་བཞི་རྣམས་སུ་སྣ་ཚོགས་པདྨ་དང་ཉི་མ་དང་ཟླ་བའི་གདན་གསུམ་གསུམ་ བསམས་ལ། ཕྱག་འཚལ་བའི་ཐལ་མོ་ལས་ཕུན་ཚུན་བསྣེལ་ཏེ་གཡས་པའི་མཐེ་བོས་གཡོན་པའི་མཐེ་བོ་མནན་ལ་ ། ན་མཿ་སརྦ་ཏ་ཐཱ་ག་ཏཱ་ནཱ་ སརྦ་ཐཱ་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སཱ་ཧཱ། ཞེས་པའི་སྔགས་བརྒྱ་བཟླས་ལ་བྱིན་གྱིས་བརླབ་པར་བྱའོ་ ། །སྟེང་དུ་བླ་རེ་ཡང་སྐད་ཅིག་གིས་བྱུང་བར་གྱུར་ པར་བསམ། བརྟེན་པ་ལྷ་སྤྱན་དྲངས་ཏེ་བཞུགས་སུ་གསོལ་བ་ནི། གསེར་གངུལ་དང་ཟངས་ལ་སོགས་པའི་སྣོད་ དུ་འབྲས་ཡོས། ཀུ་ཤ། དྲི་བཟང་པོའི་སྤོས། མེ་ཏོག་དཀར་པོ་ཏིལ་ལ་ཨྒྶ་པ་དང་སྦྱར་བའི་ཆུ་གཅང་མ་བཤམས་ལ་བདུད་སྤོས་ཀྱིས་བདུག་ཅིང་ ། ཨོཾ་ཏྲཾ་བནྡྷ་སཱ་ཧཱ། ཞེས་རིགས་ཀྱི་ལས་ཐམས་ཅད་ལ་བདུན་བཟླས་ལ་བྱིན་གྱིས་བརླབས་ནས། མདུན་དུ་བྲིས་སྐུ་ལ་སོགས་པ་གང་དུ་ཡོད་ [008B] ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ། ཞེས་སོགས་སྔར་བཤད་པའི་སྔགས་ཀྱིས་ཕྱག་བྱ། དེ་ནས་བུས་མོ་ས་ལ་བཙུགས་ནས་སོར་མོ་རྣམས་ཕན་ཚིན་དུ་བསྣོལ་ཏེ་ཐལ་མོ་བཀན་ལ་མཛུབ་མོ་གཉིས་གཤིགས་ཏེ་བསྒྲེང་ཞིང་མཐེ་བོང་གཉིས་ག་ཡབ་པ་སྤྱན་དྲང་པའི་ཕྱག་རྒྱ་དང་ ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །བདག་གི་མཆོད་ཡོན་འདི་བཞེས་ནས། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཛི་ན་ཛི་ཀ། ཨེ་ཧྱེ་ཧི། ཞེས་སྤྱན་དྲངས་ལ། མཆོད་ཡོན་གྱི་སྣོད་བཟུང་ནས་ ། ཨོཾ་སརྦ་ ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏཱ་ཏ་པ་དྲི་ས་པ་རི་ཝཱ་ར་ཨྲྒྷཾ་པྲ་ཏཱི་ཙྪ་སཱ་ཧཱ། ཞེས་མགོའི་ཐད་ཀ་ནས་མཆོད་ཡོན་དབུལ་ལོ་ ། བཅོམ་ལྡན་འདས་མ་གདུགས་དཀར་མོ་ཅན་གྱི་ལྷ་ཚེགས་ལ་རིག་སྔགས་དང་གསང་སྔགས་དང་ཁྲོ་བོ་དང་ལེཌ་ལྡན་ནག་པོ་ཆེན་པོ་དང་མངག་གཞུག་ པ་དང་མངག་གཞུག་མ་ལ་སོཌ་པ་ནམ་མཁའི་དབྱིངས་ཁྱབ་ཅིང་ཁོར་ཡུག་ཏུ་བསྐོར་བ་བྱོན་པ་ནི་དབུས་ཀྱི་སེང་གེའི་ཁྲི་ལ་བཅོམ་ལྡན་འདས་མ་གདུགས་དཀར་པོ་ཅན་སྐུ་མདོག་དཀར་མོ་ཞེས་པ་ནས་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཞེས་པའི་བར་སྔར་ བཞིན་བསྒོམ་ ། ཤར་གྱི་ཁྲི་ལ་དྲག་ཤུལ་ཆེན་མོ་དཀར་མོ། ལྷོའི་ཁྲི་ལ་གཏུམ་པ་ཆེན་མོ་སེར་མོ། ནུབ་ཀྱི་ཁྲི་ལ་འབར་བ་ཆེན་པོ་དམར་མོ། བྱང་གི་ཁྲི་ལ་སྟོབས་ཆེན་མོ་ལྗང་གུ་རྣམས་གཡས་རྡོ་རྗེ་ཁུ་ཚུར་དཀུར་བརྟེན་ཅིང། གཡོན་རིན་པོ་ཆེའི་བུམ་ པ་འཛིན་པ། ཤར་གྱི་རྩིགས་བཞིའི་དང་པོ་ལ་གོས་དཀར་མོ་སེར་མོ། གཉིས་པ་ལ་ཁྲོ་གཉེར་ཅན་སྔོ་སངས། གསུམ་པ་ལ་རྒྱལ་བའི་རྡོ་རྗེ་ཕྲེང་བ་མ་ལྗང་གུ། བཞི་པ་ལ་པདྨའི་མངོན་མཚན་མ་དམར་མི་རྣམས་གཡས་པ་བཀྲང་འཕྲེང་དང་གཡོན་ [009A]༄༅། །ཨུཊྤལ་འཛིན་པ། ལྷོའི་རྩིབས་བཞིའི་དང་པོ་ལ་གཞན་གྱིས་མི་ཐུབ་མ་དཀར་མོ། གཉིས་པ་ལ་རྡོ་རྗེ་འགྲོས་ཅན་མ་སེར་མོ། གསུམ་པ་ལ་ཞི་བའི་ལྷ་རྣམས་ཀྱིས་མཆོད་མ་ནག་མོ། །བཞི་པ་ལ་གཟི་བརྗིད་ཆེན་མོ་ ལྗང་གུ་རྣམས་གཡས་རྡོ་རྗེ་རིན་པོ་ཆེ་འཛིན་ཅིང་གཡོན་དབྱིག་པ་ལ་བརྟེན་པ། ནུབ་ཀྱི་རྩིབས་བཞིའི་དང་པོ་ལ་སྟོབས་ཆེན་མ་དམར་མོ། གཉིས་པ་ལ་རྡོ་རྗེ་ལུ་གུ་རྒྱུད་སེར་མོ། གསུམ་པ་ལ་རྡོ་རྗེ་རིག་འཛིན་མ་དཀར་མོ། བཞི་པ་ལ་རྡོ་རྗེ་རིག་ གསེར་འཕྲེང་ལྗང་གུ་རྣམས་གཡས་རྡོ་རྗེ་དང་གཡོན་བགྲང་ཕྲེང་འཛིན་པ། བྱང་གི་རྩིབས་བཞིའི་དང་པོ་ལ་རྡོ་རྗེ་རིན་ཆེན་མ་དམར་མོ། གཉིས་པ་རྡོ་རྗེ་གཙུག་ཏོར་མ་དཀར་མོ། གསུམ་པ་ལ་རྣམ་པར་བསྒྱིངས་པའི་རྡོ་མ་ལྗང་གུ་བཞི་པ་ལ་གསེར་ འོད་ལྟ་བུའི་སྤྱན་མངའ་མ་སེར་མོ་རྣམས་གཡས་སྣ་ཚོགས་རྡོ་རྗེ་དང་གཡོན་བགྲང་འཕྲེང་འཛིན་པ། སྟེང་དུ་སྒྲོལ་མ་དང་འོག་ཏུ་པདྨའི་སྤྱན་གཉིས་དཀར་མོ་གཡས་སྐྱབས་སྦྱིན་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། དེའི་ཕྱི་རོལ་གྱི་ཤར་ལྷོར་ སྒེག་མོ་དཀར་མོ་རྡོ་རྗེ་རྩེ་ལྔ་པ་གཉིས་སྙེམས་པའི་ཚུལ་གྱིས་འཛིན་པ། ལྷོ་བུ་ཏུ་ཕྲེང་བ་མ་སེར་མོ་ཕྲེང་བ་འཛིན་པ། ནུབ་བྱང་དུ་གླུ་མ་དམར་མོ་པོ་ཝཾ་འཛིན་པ། བྱང་ཤར་དུ་གར་མ་ལྗང་གུ་རྡོ་རྗེ་རྩེ་གསུམ་པ་གཉིས་བསྣམས་ནས་གར་བསྒྱུར་བ། དེའི་ཕྱི་རོལ་གྱི་ ཤར་ལྷོར་བདུག་པ་མ་དཀར་མོ་བདུག་སྤོས་ཀྱི་སྣོད་འཛིན་པ། ལྷོ་ནུབ་ཏུ་མེ་ཏོག་མ་སེར་མོ་མེ་ཏོག་གི་སྣོད་འཛིན་པ། ནུབ་བྱང་དུ་མར་མེ་མ་དམར་སྐྱ་མར་མེའི་སྡོང་བུ་འཛིན་པ། བྱང་ཤར་དུ་དྲི་ཆབ་མ་ལྗང་གུ་དྲིའི་དུང་ཆོས་འཛིན་པ། ཧར་སྒོར་ལྕགས་ [009B] ལྷོ་སྒོར་ཞགས་པ་མ་སེར་མོ་ཞགས་པ་འཛིན་པ། ནུབ་སྒོར་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་འཛིན་པ། བྱང་སྒོར་དྲིལ་བུ་མ་ལྗང་གུ་རྡོ་རྗེ་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་ཡིད་ཙམ་ཁྲོས་ཤིང་གཙོ་མོ་ལ་གཟིགས་ པ༑ དར་གྱི་སྟོད་གཡོགས་དང་སྨད་གཡོགས་ཅན། རིན་པོ་ཆེའི་རྒྱན་སྣ་སོགས་ཀྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱི་རོལ་གྱི་ཤར་ལྷོར་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་ལེགས་ལྡན་ནག་པོ་ཆེན་པོ་ཞལ་གཅིག་ཕྱག་ གཉིས་གཡས་གྲི་གུག་དང་གཡོན་ཐོད་པ་བསྣམས་པ། ཞབས་གཡས་བརྐྱང་གཡོན་བསྐུམ་པའི་སྟབས་ཀྱིས་བཞུག་ཤིང་མ་མོའི་ཚོགས་ཀྱིས་བསྐོར་བ། ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོའི་ལྟེ་བར་ཨོཾ་གྱིས་མཚན་ པ༑ མགྲིན་པར་ཨཱ་ལས་པདྨ་དམར་པོའི་ལྟེ་བར་ཨཿ་ས་མཚན་པ། ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་སྔོན་པོའི་ལྟེ་བར་ཧཱུཾ་གྱིས་མཚན་པ། ཨོཾ་ཏ་ཐཱ་ག་ཏ་ཨུདྦྷ་ཝ་ཡེ་སཱ་ཧཱ། ཞེས་སྔར་བཤད་པའི་ཕྱག་རྒྱ་ལྷ་རྣམས་ཀྱི་ཐུགས་ཀ་ལ་སོགས་པའི་གནས་བཞི་ བདག་བསྐྱེད་ཀྱི་སྐབས་ལྟར་བྱིན་གྱིས་བླབ་པར་བྱའོ། །དེ་ནས་ ། བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །བདག་དང་འགྲོ་ལ་ཐུགས་ བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། ། རྒྱས་པ་ལ་མོས་ན་ཐལ་མོ་སྦྱར་བ་པདྨ་ཁ་ཕྱ་བའི་ཚུལ་དུ་བྱས་པ་དང། ཨོཾ་ཀ་མ་ལཱ་ཡ་སཱ་ཧཱ། ཞེ་པ་དང། ལག་པ་གཉིས་ཀའི་སོར་མོ་དབུས་མ་གསུམ་རྡོ་རྗེ་ལྟར་བྱས་ [010A]༄༅། །ལ། ཨོཾ་བཛྲ་ཨ་ས་ནི་ཧཱུཾ་ཕཊ་ཅེས་ཀྱང་བརྗོད། སོར་མོ་དབུས་མ་གཉིས་གཉིས་ཏུ་སྦྱར་བ་དཔའ་བོའི་འདུག་སྟངས་ཀྱི་ཕྱག་རྒྱ་དང་ ། ཨོཾ་བཛྲ་ཀ་ཧཱུཾ་ཕཊ། ཅེས་གདན་ཕུལ་བཞུགས་སུ་གསོལ། དེ་ནས་ཕྱག་རྒྱ་བསྟན་པ་ནི་ལག་པ་གཡས་པའི་མཐེ་བོས་ མཐེའུ་ཆུང་གི་སེན་མོ་མནན་ལ་སོར་མོ་ལྷག་མ་རྣམས་རྡོ་རྗེ་ལྟར་བྱས་པ་དམ་ཚིག་རྡོ་རྗེའི་ཕྱག་རྒྱ་དང་ ། ཤཾ་ཀ་རེ་ས་མཱ་ཡེ་སཱ་ཧཱ། ཞེས་བརྗོད་ལག་པ་གཉིས་ཕན་ཚུན་དུ་ཁུ་ཚུར་བཅིངས་ནས་མཐེ་བོང་གཉིས་བསྟན་པ་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་དང། ཛི་ན་ཛི་ཀ། ཅེས་བརྗོད་ཅིང།། ཨོཾ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཅེས་དེ་བཞིན་གཤེགས་པའི་རིགས་ཀྱི་སྔགས་ཡུངས་ཀར་ལ་བཟླས་པ་གཏོར་ལ་ཕྱི་འབྲང་གི་བགེགས་བསྐྲད་དོ། །དེ་ནས་མཆོད་པ་ནི། སྔར་བཞིན་སྔགས་ཀྱིས་བསངས་པའི་རྗེས་སུ། ཨོཾ་པྲ་ཝ་ར་སད་ཀཱ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་སཱ་ཧཱ། ཞེས་སོགས་ཆུ་གཉིས་ ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པའི་སྔགས་འོག་ནས་འབྱུང་བ་དང་དེ་བཞིན་གཤེགས་པའི་རིགས་ཀྱི་སྔགས་བརྗོད་པས་ཀྱང་བསང་ཞིང། གཟི་བྱིན་བསྐྱེད་པ་ནས་བྱིན་གྱིས་བརླབ་པའི་བར་ཡང་སྔར་བཞིན་བྱའོ། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་ སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང། །ཐུགས་ཀྱིས་ཐུགས་དཔག་མཛད་དུ་གསོལ། །བདག་ནི་ཁྱེད་ལ་གུས་དང་ལྡན། ། མྠཱུ་ཆུང་དང་སྲིན་ལག་གཉིས་ནང་དུ་ཕན་ཚུན་བསྣོན་ཏེ་གུང་མོ་གཉིས་གཤིབས་ཏེ་བསྒྲེངས་པའི་ཚིགས་གསུམ་པར་མཛུབ་མོ་བཀུག་ མཐེ་བོང་གཉིས་ངོས་ལ་སྦྱར་བའི་མཆོད་ཡོན་གྱི་ཕྱག་རྒྱ་དང། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྣཱི་ཥ་སི་ཏཱ་ཏ་པ་ཏྲེ་ས་པ་རི་ཝཱ་ར། ཞེས་པ་ཡན་མཆོད་སྔགས་འོག་མ་རྣམས་ཀྱི་མགོར་ཡང་སྦྱར་རོ། །ཨརྒྷཾ་པྲ་ཊཱི་ཙྪ་སཱ་ཧཱ། ཞེས་མཆོད་ཡོན་དང། གཡས་པའི་ཁུ་ཚུར་གྱི་མཛུབ་མོ་དང་ [010B] སྔར་གྱི་ཚིགས་བཅད་ཀྱི་མཆོད་ཡོན་ཞེས་པའི་གནས་སུ་ཞབས་བསིལ་ཞེས་བཅུག་ནས། ཨོཾ་པྲ་ཝ་ར་སད་ཀླ་རཾ་པ་དྱཾ་པྲ་ཏཱི་ཙྪ་སཱ་ཧཱ། ཞེས་ཞབས་བསིལ་དང། དེ་ནས་འབྱོར་ ན་མེ་ལོང་ལ་གཟུགས་བརྙན་ཤར་བ་ལ་ཁྲུས་གསོལ། མ་འབྱོར་ན་ཐལ་མོ་བརྐན་པ་ལས་མཛུབ་མོའི་རྩེ་དང་མཐེ་བོང་གི་རྩེ་མོ་གཉིས་སྦྱར་བས་སྐུ་བསིལ་བའི་ཕྱག་རྒྱ་དང། ཨོཾ་སརྦ་དེ་བ་ཏཱ་ཨ་ཙིན་ཏཱི་ཨ་མྲི་ཏེ་སཱ་ཧཱ། ཞས་གསེར་ལ་སོགས་པའི་རིན་པོ་ཆེའི་བུམ་པ་དུམ་ནས་བྱུང་བའི་སྤོས་ཆུའི་སྤྲིན་ཆེན་པོས་ སྐུ་བསིལ་བར་བསམ་མོ། །དེ་ནས་ཡིད་ཀྱིས་ན་བཟའ་དང་རྒྱན་དང། རོལ་མོས་མཆོད་པ་དང། བསྟོད་པ་རྣམས་བྱ་བའམ། ཡང་ན། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་བ། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་ཅམ་པའི་གོས་ཀྱིས་བརྒྱན་ པར་ཤོག། ཨོཾ་བཛྲ་ཝ་སྟྲ་ཡེ་ཨཱ་་ཧཱུཾ་སཱ་ཧཱ། ཞེས་ན་བཟའ་དང། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་ལུས་ཐོབ་པར་ཤོག་ཨོཾ་བཛྲ་ཨཱ་ལཾ་ཀ་ར་ཝ་པུ་ཥ་ ཎི་ཨཱ་་ཧཱུཾ་སཱ་ཧཱ། ཞེས་རྒྱན་དང། འོག་ནས་འབྱུང་བ་ལྟར་རོལ་མོ་དབུལ་ཞིང་བསྟོད་པ་སྔར་ལྟར་བྱའོ། །གཙང་ཞིང་གཙང་མ་ལས་བྱུང་བའི། །ལྷ་རྫས་བཟང་པོའི་དྲི་འདི་དག་བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལར་གྱེས་པར་མཛོད། ། གཡས་ སྐྱབས་སྦྱིན་བྱས་པའི་མཁྲིག་མ་ནས་གཡོན་པས་བཟུང་བ་དྲིའི་ཕྱག་རྒྱ་དང། ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྷྱཱ་དྷརི་པཱུ་ཛི་ཏེ་སཱ་ཧཱ། ཞེས་དྲི་ཆབ་དང། འོག་མ་གསུམ་ལའང་འབུལ་སྔགས་འདི་བརྗོད་དོ། །ལག་པ་གཉིས་སོར་མོ་ཕན་ཚུན་བསྣོལ་ཏེ་ལག་པའི་ནང་དུ་མཛུབ་མོ་གཉིས་རྩེ་མོ་གཅིག་ཏུ་བྱས་ལ་གདུ་བུའི་ [011A]༄༅། ། ཚུལ་དུ་བྱས་ནས་མཐེ་བོང་གཉིས་གློར་བཞག་སྟེ་པདྨ་ལྟར་བྱས་པའི་མེ་ཏོག་གི་ཕྱག་རྒྱ་དང་ ། གཙང་ཞིང་གཙང་མར་སྐྱེས་པ་ཡི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་ དགྱེས་པར་མཛོད། ཅེས་མེ་ཏོག་དང། ལག་པ་གཉིས་ཀྱི་མཐིའུ་ཆུང་སྲིན་ལག་གུང་མོ་རྣམས་ཀྱི་སོར་མོ་རྣམས་ཕན་ཚུན་དུ་སྦྱར་ཏེ་སྔ་མ་སྔ་མའི་རྒྱབ་ཀྱི་སེན་མོའི་དྲུང་དུ་བཀུག་ནས་མཛུབ་མོ་གཉིས་ལོགས་གཅིག་ཏུ་བརྐྱང་སྟེ་མཐེ་བོང་གཉིས་གློར་བཞག་པ་བདུག་སྤོས་ཀྱི་ཕྱག་རྒྱ་དང་ ། ནགས་ཚལ་བཅུད་ནི་ཡིད་དུ་འོང། །དྲི་ཡི་སྦྱོར་བ་ལྷ་ཡི་རྫས། །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། ། ཅེས་སྤོས་དང་ ། སྨན་རྣམས་བཅུད་ནི་ཡིད་དུ་འོང། །སྔགས་ཀྱི་ཞལ་ཟས་བཤོས་འདེ་དག་བདག་ ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། ། ཅེས་དང། བཟེད་པའི་ཐལ་མོ་ལས་མཛུབ་མོ་ཅུང་ཟད་བཀུག་པའི་ཕྱག་རྒྱས་ལྷ་བཤོས་དང་ ། གནོད་རྣམས་འཇོམས་ཤིང་བཀྲ་ཤིས་པ། །དགེ་ཞིང་མུན་པ་རྣམས་སེལ་འདི། །བདག་ནི་དད་ པས་འབུལ་ལགས་ཀྱིས། །མར་མེ་འདི་དག་བཞེས་སུ་གསོལ། །ཨཱ་ལོ་ཀ་ཡ་ཨཱ་ལོ་ཀ་ཡ་བི་དྱཱ་དྷཱ་ར་པཱུ་ཛི་ཏེ་སཱཧཱ། ཞེས་དང། མཐེ་བོང་དང་གུང་མོ་གཉིས་གཅིག་ཏུ་སྦྱར་ཏེ་བསྒྲེངས་ལ་ལག་པ་ཁུ་ཚུར་གཅིག་ཏུ་བྱས་པའི་ཕྱག་རྒྱས་པར་མེ་དང་ ། དེ་ལས་གཞན་ཡང་མཆོད་ པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲ་ན་རྣམས་སོ་སོར་གནས་གྱུར་ཅིག་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ས་པ་རི་ཝཱ་ར་ཤཔྟ་པྲ་ཏཱིཙྪ་སཱཧཱ། ཞེས་སིལ་སྙན་དབུལ་ཞིང་གཞན་ཡང་ [011B] དངོས་སུ་བཤམས་པ་དང། མ་འབྱོར་པ་རྣམས་ཀྱང་ཡིད་ཀྱིས་རྒྱ་ཆེན་པོར་དམིགས་ཏེ་དངུལ་ལོ། །དེ་ནས་སྔར་གྱི་གནས་བྱིན་གྱིས་བརླབ་པའི་སྔགས་བརྒྱ་བཟླ་བར་བྱའོ། །བསྟོད་པ་ནི། དཀོན་མཆོག་གསུམ་དང་རིགས་གསུམ་གྱི་བདག་པོ་ལ་བསྟོད་པ་བྱ་བར་ལེགས་གྲུབ་པས་གསུངས་པ་ནི་ ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བར་གྱུར། །དགེ་བས་ངན་སོང་ལས་གྲོལ་ཅིང། །གཅིག་ཏུ་དོན་དམ་ མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གནས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །གཞོན་ནུའི་ཆ་ལུགས་འཆང་བ་པོ། །ཤེས་རབ་ སྒྲོན་མས་རབ་ཏུ་བརྒྱན། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་དཔལ་ལ་ཡང་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་བསགས་པ། །སྤྱན་རས་གཟིགས་ཞེས་མཆན་གསོལ་བ། །རྟག་པར་བརྩེ་ ལ་ཕྱག་འཚལ་ལོ། །སྟོབས་པོ་ཆེ་ལ་དྲག་ཤུལ་ཅན། །རིག་སྔགས་རྒྱལ་པོ་དགེ་བ་ཅན། །གདུལ་དཀའ་པོ་དག་འདུལ་བ་པོ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། ། ཞེས་སྤྱི་ལ་བསྟོད་པ་དང། སྒོས་བསྟོད་ནི་ ། རྒྱལ་བ་ཀུན་གྱི་མཚན་མཆོག་གཙུག་ཏོར་ ནས༑ ༑ ཞེས་སོགས་སྔར་བཤད་པའི་གཙོ་མོའི་བསྟོད་པ་དང། འཁོར་རྣམས་ལ་ ། གཞན་གྱིས་མི་ཐུབ་དྲག་ཤུལ་ཆ། །གཏུམ་པོ་ཆེན་མོ་སྟོབས་ཆེན་མོ། །འབར་བ་ཆེན་མོ་གཟི་བརྗིད་ཆེ། །ཕ་རོལ་གནོན་ལ་ཕྱག་འཚལ་ལོ། །དཀར་མོ་ཆེན་མོ་སྟོབས་ཆེན་ [012A]༄༅། །མོ༑ ༑འབར་བའི་ཕྲེང་བ་གོས་དཀར་མོ། །འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན། །བདུད་བཞི་འཇོམས་ལ་ཕྱག་འཚལ་ལོ། །རྒྱལ་བའི་རྡོ་རྗེ་འཕྲེང་ཞེས་གྲགས། །པདྨའི་མངོན་མཚན་རྡོ་རྗེའི་མཚན། །གཞན་གྱིས་མི་ཐུབ་འཕྲེང་ བ་ཅན། །གཞན་དོན་མཛད་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཁྭ་རྣམས་འཇོམས་པ་མོ། །ཞི་བའི་ལྷ་རྣམས་ཀྱིས་མཆོད་མ། །གཟུགས་ཞི་གཟི་བརྗིད་ཆེན་པོ་ཅན། །ཞི་མཛད་ཁྱོད་ལ་ཕྱག་འཚལ་ལོ། །འཕགས་མ་སྒྲོལ་མ་སྟོབས་ཆེན་མོ། །རྡོ་རྗེ་ལུ་གུ་རྒྱུད་གཞན་ དང༑ ༑རྡོ་རྗེ་གཞོན་ནུ་རིག་འཛིན་མ། །རིག་སྔགས་འཆང་ལ་ཕྱག་འཚལ་ལོ། །ལག་ན་རྡོ་རྗེ་རིག་གསེར་འཕྲེང། །རྣམ་པར་བསྒྱིངས་མའི་རྡོ་རྗེ་དང། །གསེར་འོད་ལྟ་བུའི་སྤྱན་མངའ་མ། །རྡོ་རྗེ་འགྲོས་དང་དཀར་མོ་དང། །པདྨའི་སྤྱན་དང་ཟླ་འོད་དང། །བཅུ་ ཕྲག་གཉིས་དང་གཉིས་ལྷ་མོ། །ཕྱག་རྒྱའི་ཚོགས་ལ་ཕྱག་འཚལ་ལོ། ། ཞེས་པས་བསྟོད། ལེགས་ལྡན་ལ་ ། སྲིན་པོའི་གཟུགས་ཀྱིས་གདུགས་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིག་བྱེད་པོ། །གཏུམ་པོ་ཁྱོད་ལ་ ཕྱག་འཚལ་བསྟོད། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་པས་ཐོད་པ་ཁྲག་གང་བསྣམས། །ཐོད་ཕྲང་ཅན་ལ་ཕྱག་འཚལ་བསྟོད། །ཁྲོས་པས་ཞབས་བརྡབས་ས་གཞི་གཡོ། །བཞད་པའི་གད་ མོས་རི་རབ་བསྒྱེལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པ། །དམ་ཚིག་ཅན་ལ་ཕྱག་འཚལ་བསྟོད། ། ཅེས་པས་བསྟོད། དེ་ནས་ ། ན་མཿ་སརྦ་བུདྡྷ་བོ་དཧི་སཏ་ནཾ། སརྦ་ཏྲ་སཾ་ཀུ་རུ་མི་ཏ་ཨ་བིཛྙཱ་ར་ཤི་ནི་ན་མོསྟུ་ཏེ་སཱཧཱ། ཞེས་བསྟོད་པ་འབྱུང་བའི་སྔགས་ [012B] །སྡིག་པ་བཤགས་པ་ནི། འཇིག་རྟན་དག་གི་ཕྱོགས་ཀུན་ན། །དེ་བཞིན་གཤེགས་པ་གང་བཞུགས་དང། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དག་དེ་དག་བདག་ལ་དགོངས་སུ་གསོལ། །ཚེ་རབས་གང་ཡང་རུང་བ་ན། །བདག་གིས་སྡིག་ པ་ཅི་བགྱིས་དང། །སྔོན་གྱི་ཚེ་རབས་གཞན་དག་དང། །ཚེ་རབས་འདི་དང་འཁོར་བ་ན། །འདོད་ཆགས་དབང་དང་བླུན་པ་དང། །ཁྲོ་བ་དག་གིས་འཁྲུགས་གྱུར་ཏེ། །སངས་རྒྱས་ཆོས་དང་དགེ་འདུན་ནམ། །བླ་མ་དག་དང་ཕ་མ་དང། །དགྲ་བཅོམ་བྱང་ ཆུབ་སེམས་དཔའ་དང། །སྦྱིན་གནས་གང་ཡང་རུང་བ་དང། །དེ་ལས་གཞན་པའི་སེམས་ཅན་དག་ཡོན་ཏན་ལྡན་དང་མི་ལྡན་ལ། །སྡིག་པའི་ལས་རྣམས་གང་བགྱིས་དང། །གང་ཡང་བགྱིད་དུ་སྩལ་བ་དང། །གང་ཡང་ཅུང་ཟད་ཡི་རང་བ། ། བག་མེད་པས་ནི་ཕྲ་མོ་ཡང། །ལུས་ངག་ཡིད་ཀྱིས་བགྱིས་པ་རྣམས། །དེ་དག་མ་ལུས་བློས་བསྡུས་ནས། །རྫོགས་པའི་སངས་རྒྱས་སྲས་བཅས་པ། །བདག་གིས་ད་ནི་མངོན་སུམ་བཞིན། །རབ་ཏུ་གུས་པས་ཕྱག་བཙལ་ཏེ། །སྐྱོ་བའི་ཡིད་དུ་ གྱུར་པ་ཡིས། །ཐལ་མོ་སྦྱར་ཏེ་ནོངས་པ་རྣམས། །ཡང་དང་ཡང་དུ་སོ་སོར་བཤགས། །བདག་གིས་སྡིག་པ་བགྱིས་པ་རྣམས། །རྫོགས་སངས་རྒྱས་ཀྱིས་མཁྱེན་པ་བཞིན། །དེ་ལྟར་བདག་གིས་སོ་སོར་བཤགས། །སླན་ཆད་དེ་ལྟར་ཡོངས་མི་ བགྱིད། ། ཅེས་འགྱེད་པ་དང། སྡོམ་སེམས་དང་ལྡན་པའི་སྒོ་ནས་བྱའོ། །སྐྱབས་འགྲོ་ནི་ ། སྲོག་ཆགས་སྡུག་བསྔལ་ཞི་བྱའི་ཕྱིར། །བདག་ཉིད་ཇི་སྲིད་འཚོ་བར་དུ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །གུས་པས་ཡང་དག་སྐྱབས་སུ་མཆི། ། ཞེས་ཤུགས་དྲག་ [013A]༄༅། །པོའི་གུས་པས་སྐྱབས་སུ་འགྲོ་བ་བྱའོ། །དེ་ནས་ ། ཆོས་ཀྱི་ལོངས་སྤྱོད་སྣ་ཚོགས་ལ། །མཉམ་པར་བཞག་ནས་ཡི་རང་ངོ། །མི་རྟོག་བློ་གྲོས་བསྐྱེད་པའི་ཕྱིར། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང། །གདུལ་བྱ་ཇི་སྲིད་ཚིམས་བར་དུ། །མྱ་ངན་མི་འདའ་ གསོལ་བ་འདེབས། །སྔོན་གྱི་རྒྱལ་བའི་སྲས་རྣམས་ཀྱིས། །སྨོན་ལམ་ཇི་ལྟར་མཛད་པ་བཞིན། །བདག་ཀྱང་དགེ་བའི་སེམས་ཀྱིས་སུ། །དེ་བཞིན་དུ་ནི་སྨོན་ལམ་འདེབས། །སེམས་ཅན་ཐམས་ཅད་བདེ་བ་དང། །ཞི་ཞིང་ནད་ཀྱང་མེད་པར་ཤོག་བདག་ནི་བྱ་བ་ ཀུན་ནུས་ཤིང། ཡོན་ཏན་དང་ཡང་ལྡན་པར་ཤོག་ནོར་ལྡན་གཏོང་ཕོད་ཤེས་རབ་ཅན། །བཟོད་ལྡན་དགེ་ལ་དད་པ་དང། །སེམས་ཅན་ཚེ་རབས་ཐམས་ཅད་དུ། །སྐྱེ་བ་དྲན་ཞིང་བརྩེར་ལྡན་ཤོག་ ཅེས་དེ་དག་གི་དོན་དྲན་བཞིན་པས་བྱའོ། །ཚད་མེད་པ་བཞི་སྒོམ་པ་ ནི་ ། སེམས་ཅན་རྣམས་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཅིག་ སྙམ་པའི་སྙིང་རྗེ་དང་ ། བདེ་བ་ཐམས་ཅད་དང་ལྡན་པར་གྱུར་ཅིག་ སྙམ་པའི་བྱམས་པ་དང་ ། སངས་རྒྱས་ཀྱི་བདེ་བས་བདེ་བར་གྱུར་ཅིག་ སྙམ་པའི་དགའ་བ་དང་ ། སངས་རྒྱས་ ཀྱི་མྱང་འདས་བླ་ན་མེད་པས་མྱ་ངན་ལས་འདའ་བར་གྱུར་ཅིག་ སྙམ་པའི་བཏང་སྙོམས་ལ་གནས་པར་བྱའོ། །དེ་ནས་ ། སེམས་ཅན་ཁམས་ནི་མཐའ་ཡས་པའི། །སྡུག་བསྔལ་ཉེ་བར་ཞི་བ་དང། །ངན་འགྲོ་རྣམས་ལས་བསྒྲལ་བ་དང། །ཉོན་མོངས་རྣམས་ ལས་དགྲོལ་བའི་ཕྱིར། །སྲིད་པ་མི་བདེ་དོག་པ་ན། །སྡུག་བསྔལ་སྣ་ཚོགས་ཅི་མཆིས་པ། །དེ་ལས་ཡོངས་སུ་བསྐྱབ་པའི་ཕྱིར། །བདག་ནི་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཕོངས་པ་ཐམས་ཅད་ཀྱི། །སྐྱབས་སུ་བདག་ཉིད་རྟག་ཏུ་ཤོག་ [013B] །རྟེན་མེད་རྣམས་ཀྱི་རྟེན་དུ་བབ། །སྐྱབས་མེད་རྣམས་ཀྱི་སྐྱབས་འགྱུར་ཞིང། །སྡུག་བསྔལ་བདེ་བར་བྱེད་པ་དང། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཞི་བར་བྱེད་པར་ཤོག་དགེ་བའི་ལས་ རྣམས་གང་དང་གང། །འདི་དང་གཞན་དུ་བསགས་པ་རྣམས། །བསོད་ནམས་ཡེ་ཤེས་ཞེས་བྱ་བའི། །ཚོགས་ནི་རྣམ་པ་གཉིས་སུ་ཤོག་ཕ་རོལ་ཕྱིན་པ་དྲུག་སྒོ་ནས། །བདག་གིས་བརྩོན་འགྲུས་གང་བརྩམས་པ། །དེ་ཡང་སེམས་ཅན་མ་ལུས་ པ༑ ༑ཐམས་ཅད་ལ་ནི་ཕན་པར་ཤོག་ཚེ་ཡི་མཐའ་ཀླས་བྱེད་པ་དང། །གང་ཡང་ཅུང་ཟད་བྱེད་གྱུར་པ། །མདོར་ན་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཐམས་ཅད་ཞི་བ་དང། །གྲོལ་བར་བྱ་བའི་ཕྱིར་འབད་ཅིང། །བྱང་ཆུབ་བར་དུ་བདག་བརྩོན་ ནོ༑ ༑ ཞེས་ཉམ་ཐག་པའི་འགྲོ་བ་རྣམས་བསྒྲལ་བའི་ཕྱིར་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་དུ་བྱང་ཆུབ་ཀྱི་སེམས་རྒྱུད་དང་འདྲེས་ངེས་པ་བསྐྱེད་དོ། །དེ་ནས་བཟླས་པའི་དུས་སུ། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཡ་ཝཱ་ཀ་ཙིཏྟ་པྲ་ན་མེ་ཎ་སརྦ་ཏ་ཐཱ་ག་ཏ་བཛྲ་པཱ་ད་བན་དྷ་ནཾ་ ཀ་རོ་མི། ཞེས་བླ་མ་དང་ལྷ་ལ་བྱས་ནས་སྔགས་ཀྱི་ནོར་བུ་སྟེ་བགྲང་ཕྲེང་སྙེམ་པར་བཅུག་ལ་ ། ཨོཾ་བྷ་ག་ཝ་ཏེ་སིདྡྷི་སིདྷ་ཡ་སིདྡྷ་རྠེ་སཱཧཱ། ཞེས་ལན་བདུན་བཟླས་ཏེ་སྙིང་གར་ཕྲེང་བ་བླངས་ལ་ལག་པ་གཡས་གཡོན་གང་རུང་གི་གུང་མོ་དང་མཐེའུ་ཆུང་བརྐྱང་སྟེ་མཛུབ་ མོ་རྒྱབ་ཏུ་བཞག་ནས་སྲིན་ལག་མཐེ་བོས་ལས་ཐམས་ཅད་ལ་བགང་བར་བྱ་སྟེ་དྲག་པོ་ལ་ནི་མཛུབ་མོས་བྱའོ། །དེ་ནས་རྒྱས་པ་ལ་སྤྲོན་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་བཟློག་པ་ཆེན་མོ་ཞེས་པ་ནས་ཟས་ [014A]༄༅། །སུ་སྦྱིན་སྲེག་ཟ་བའི་གདོན་ལས་བདག་ལ་སྲུང་བ་གྱིས་ཤིག་ཅེས་གསོལ་བ་བཏབ་ནས་བཟླས་པ་བྱའོ་ ། །ལྷའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཏདྱ་ཐཱ། ཨོཾ་ཨ་ན་ལེ། ཨ་ན་ལེ། བི་ཥ་དེ་བི་ཥ་དེ། བཧཻ་ར་བཧཻ་ར། བཛྲ་ དྷ་རི། བནྡྷ་བྷནྡྷ། བཛྲ་པཱ་ཎི་ཕཊ། ཧཱུཾ་ཧཱུཾ་ཕཊ་ཕཊ། ཧཱུཾ་དྲུཾ་བྷནྡྷ་ཕཊ། ཅེས་པ་ནི་ཉེ་བའི་སྙིང་པོ་ ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་ཕཊ་སཱཧཱ། ཞེས་པས་མཚན་པར་གྱུར་ པར་བསམ་སྟེ། བཟླས་པ་བྱ་ཚུལ་དངོས་ནི། བསམ་གཏན་ཕྱི་མ་ལས་ སྒྲ་དང་སེམས་དང་གཞི་ལ་གཞོལ། །ཞེས་སོགས་ཀྱི་བཟླས་བརྗོད་ཡན་ལག་བཞི་ཚང་ཞིང་མ་ཉམས་པའི་སྒོ་ནས་བྱ་བར་གསུངས་པའི་ཡན་ལག་བཞི་ནི། བཞི་ཞེས་པས་ཡན་ལག་དང་པོ་ལྷའི་ང་རྒྱལ་དུ་བྱས་པ་དང། གཉིས་པ་མདུན་དུ་རང་འདྲའི་ལྷ་སྒོམ་པ་བསྟན་ལ། སེམས་ཞེས་ པས་གསུམ་པ་ལྷའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་འགོད་པ་བསྟན་ཞིང། སྒྲ་ཞེས་པས་བཞི་པ་ཟླ་བ་ལ་གང་བཟླ་རྒྱུའི་སྔགས་ཕྲེང་འགོད་པ་བསྟན་ནོ། །གཞོལ་ཞེས་པས་ནི་སེམས་གཞན་དུ་མི་གཡེང་བར་རྒྱུན་མི་འཆད་པར་དམིགས་པའི་སྒོ་ནས་བཟླས་པ་བྱ་དགོས་པར་བསྟན་ནོ། །དེའང་མདུན་བསྐྱེད་ཀྱི་ལྷ་ གསལ་བར་དམིགས་ཏེ་ཐུགས་ཀར་ཟླ་བ་ལ་སྔགས་ཕྲེང་བཀོད་པའི་ཡིག་འབྲུའི་གཟུགས་ལ་གཞན་དུ་མ་ཡེངས་པར་དམིགས་ཏེ་ཤུབ་བུའི་བཟླས་པ་ཇི་ཙམ་གྲུབ་པ་བྱ་ཞིང། ཡང་རང་ལྷར་གསལ་བར་དམིགས་ལ་དབུགས་ནང་དུ་འཇུག་པ་དང་མཉམ་དུ་མདུན་བསྐྱེད་ཀྱི་ཐུགས་ཀའི་ཟླ་བ་སྔགས་ཕྲེང་དང་ བཅས་པ་རང་གི་ཐུགས་ཀར་སྤོས་པའི་ཡི་གེ་འབྲུའི་གཟུགས་ལ་དམིགས་ཏེ་ཤུབ་བུའི་བཟླས་པ་བྱའོ། །ཡང་མདུན་གྱི་ལྷ་དང་ཐུགས་ཀའི་ཟླ་བ་སྔགས་ཕྲེང་དང་བཅས་པ་དུས་གཅིག་ཏུ་དམིགས་ཏེ་དབུགས་འབྱུང་རྡུབ་ཀྱི་སྲོག་རྩོལ་ནང་དུ་བསྡམས་ནས་ཡི་གེའི་གཟུགས་ལ་དམིགས་ཏེ་ཡིད་ [014B] །ཡང་རང་གི་མདུན་གྱི་མདུན་བསྐྱེད་རང་ལས་ཧ་ཅང་མི་རིང་ཞིང་ཅུང་ཟད་མཐོ་བར་བསྒོམས་ལ་དེའི་ཐུགས་ཀར་ཟླ་བ་སྔགས་ཕྲེང་དང་བཅས་པ་དབུགས་ནང་དུ་འཇུག་པ་དང་ བསྟུན་ནས་རང་ལྷར་གསལ་བའི་ཐུགས་ཀར་སྤོས་པའི་ཡི་གེའི་གཟུགས་ལ་དམིགས་ནས་དབུགས་འབྱུང་རྡུབ་བསྡམས་ཏེ། དབུགས་མི་གཏོང་གི་བར་དུ་ཡིད་བཟླས་བྱ་ཞིང་དབུགས་གཏོང་བ་ན་དེ་དང་མཉམ་དུ་ཟླ་བ་སྔགས་ཕྲེང་དང་བཅས་པ་ཕྱིར་བཏང་ནས་མདུན་བསྐྱེད་ཀྱི་ཐུགས་ཀར་གནས་ པར་བསམ་ཞིང། ཡང་སྔར་བཞིན་རང་གི་སྙིང་གར་སྤོས་ལ་ཡིད་བཟླས་བྱ་བ་ནི་གཟུགས་ལ་དམིགས་པའི་བཟླས་པའོ། །ཡང་བཟླས་བརྗོད་ཡན་ལག་བཞི་ཐོག་མར་གསལ་བཏབ་ནས་དེའི་རྗེས་སུ་སྔགས་ཀྱི་གཟུགས་དང་ཟླ་བ་སོགས་ལ་མི་དམིགས་པར་སྔགས་ཀྱི་གདངས་ལ་དམིགས་ཏེ་ཤུབ་པུ་དང་ དབུགས་འབྱུང་རྡུབ་བསྔམས་ནས་ཡིད་བཟླས་བྱའོ། །དེའང་སྔགས་གཞན་གྱིས་བཏོན་པ་རང་གིས་ཉན་པ་ལྟ་བུ་མ་ཡིན་གྱི་རང་གིས་བཟླ་བའི་ཚེ་ན་སྔགས་དེའི་སྒྲ་གྲག་པར་དམིགས་ནས་བྱེད་པ་སྟེ་ཡི་གེའི་སྒྲའམ་གདངས་ལ་དམིགས་པའི་བཟླས་བརྗོད་དོ། །སྔར་བཤད་པའི་གཟུགས་ཀྱི་ལྷ་ལ་སོགས་པའི་ ལྷ་དྲུག་བསྒོམས་པའི་རྗེས་སུའང་ལྷའི་ང་རྒྱལ་བརྟན་ཞིང་ལྷའི་གཟུགས་གསལ་བ་ལ་སེམས་རྩེ་གཅིག་ཏུ་དམིགས་ཏེ་དབུགས་འབྱུང་རྡུབ་བསྡམས་ནས་བྱིང་རྒད་དང་བྲལ་བའི་གནས་པ་བརྟན་པོ་བསྒྲུབ་པར་བྱའོ། །ཡང་ན། སློབ་དཔོན་སངས་རྒྱས་གསང་བ་དང་ཡེ་ཤེས་མཆོག་ལས་གཞན་པའི་པཎྜི་ཏ་ ཁ་ཅིག་གིས་ནི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་སངས་རྒྱས་མཆོད་པ་དང་སེམས་ཅན་གྱི་དོན་བྱེད་པའི་དམིགས་པའང་བཤད་པས་དེ་བཞིན་དུ་བྱའོ། །དེ་ནས་སྐབས་འདིར་གཏོར་མ་ཆ་གསུམ་སྤྱི་འགྲོ་ལྟར་དང། དམར་གཏོར་གཅིག་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ལ་ ། ཨོཾ་མཧཱ་ཀཱ་ལ་ [015A]༄༅། །གྲིཧྞེ་དཾ་པ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་ལེགས་ལྡན་ལ་དབུལ་ཞིང། སྔར་གྱི་བསྟོད་པས་བསྟོད། ཕྲིན་ལས་རྒྱས་པ་འཆོལ་ན་ ། སརྦྦ་དེ་བེ་བྷྱ་ཕཊ། ཅེས་པ་ནས་ ། མཚམས་བཅིང་བར་བགྱིའོ། ། ཞེས་པའི་བར་བརྗོད་དོ། །བཟླས་བརྗོད་ སོགས་ཀྱི་མཇུག་ཏུ་ཇི་ལྟར་བྱ་བ་ནི། གཡས་པའི་སྲིན་ལག་གི་རྒྱབ་ཏུ་གུང་མོ་བཞག་གཡོན་པའི་སྲིན་ལག་གི་རྒྱབ་ཏུ་གུང་མོ་བཞག་ནས་སྦྱར་ཏེ་གཡས་པའི་མཛུབ་མོས་གཡོན་པའི་གུང་མོ་དང་སྲིན་ལག་དཀྲི་ཞིང་གཡོན་པའི་མཛུབ་མོས་རྐྱང་གཡས་ཀྱི་གུང་མོ་དང་སྲིན་ལག་དཀྲིས་ལ། མཐེའུ་ཆུང་གཉིས་གཤིབས་ཏེ་བསྒྲེངས་ནས་མཐེ་བོང་གཉིས་མཛུབ་མོའི་ཚིགས་ དབུས་མར་བཞག་པ་བུམ་པའི་ཕྱག་རྒྱ་བྱས་ལ་ ། བདག་ཅག་གི་དགེ་བའི་རྩ་བ་འདི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་སྐུ་ཚེ་རྒྱས་པ་ལ་སོགས་པའི་དངོས་གྲུབ་ཀྱི་རྒྱུར་བཅོམ་ལྡན་འདས་གདུགས་དཀར་པོ་ཅན་གྱི་ལྷ་ཚོགས་ལ་འབུལ་ལོ། །མགོན་པོ་ཁྱོད་ཀྱིས་ དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་སྐུ་ཚེ་རྒྱས་པ་ལ་སོགས་པའི་དངོས་གྲུབ་བདག་ལ་སྩལ་དུ་གསོལ། ། ཞེས་དགེ་རྩ་དབུལ་ལོ། །གཞན་ཡང་སྐབས་དང་སྦྱར་ཏེ་དགེ་རྩ་འབུལ་བའི་ཚིག་ཕྲད་བསྒྱུར་རོ། །དེ་ནས་མཆོད་པ་གསར་དུ་ཅི་འབྱོར་པ་བཤམས་ལ་བསང་བ་ནས་གཟི་བྱིན་བསྐྱེད་ པའི་བར་སྔར་ལྟར་བྱས་ལ་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་སྔར་བཞིན་ཕུལ་ནས་སྔར་བཞིན་བསྟོད། ཡང་ན། རྒྱལ་བ་བྱེ་བ་བདུན་དང་འཕགས་པའི་འཁོར། །དྲང་སྲོང་རིག་སྔགས་འཆང་དང་ཚངས་དབང་དང། །དྲག་པོ་རིགས་སྲས་དང་བཅས་སྲེད་མེད་ བུ༑ ༑ལེགས་ལྡན་ནག་པོ་གདུང་བདུན་བདེ་གཤེགས་བཅུ། །ཕྱག་འོས་རྣམས་ལ་གུས་པས་ཕྱག་བྱས་ནས། །བདེ་གཤེགས་གཙུག་ནས་གསང་སྔགས་ཚིག་ཕྱུང་སྟེ། །གང་གིས་བསྔགས་པ་འཁོར་ལ་བཀའ་ [015B] །དཔལ་ལྡན་གདུགས་དཀར་ཅན་ལ་བསྟོད་པར་བྱ། །འཆི་མེད་དབང་པོའི་མདུན་ས་ཆོས་བཟང་དུ། །ཤཱཀྱའི་རྒྱལ་པོའི་མཚན་མཆོག་གཙུག་ཏོར་ནས། །ལེགས་འཁྲུངས་བདུད་ཀྱི་རིགས་ཀྱིས་མི་ཐུབ་ཅིང། །ཕས་ཀྱི་རྒོལ་བ་ཐམས་ཅད་ཕྱིར་བཟློག་ པས༑ ༑གཞན་གྱིས་མི་ཐུབ་གཙུག་ཏོར་གདུགས་དཀར་ཞེས། །ཡོངས་སུ་གྲགས་པས་ས་གསུམ་ཀུན་ཁྱབ་པ། །དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གཅིག་པུ། །བཅོམ་ལྡན་འདས་མ་ཁྱོད་ལ་བདག་ཕྱག་འཚལ། །གདོན་དང་རྒྱུ་སྐར་གཟའ་ཡི་གནོད་པ་དང། ། དུས་མིན་འཆི་དང་སྡིག་པའི་རྨི་ལམ་དང། །དུག་མཚོན་མེ་དང་ཆུ་ཡི་གནོད་པ་སོགས། །མ་ལུས་ཞི་མཛད་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་ཡི་དཀྱིལ་འཁོར་ཁྱོན་ནི་ཤིན་ཏུ་ཡངས། །དུ་མའི་ཉམས་ཅན་དབུ་ནི་སྟོང་ཕྲག་དང། །འབར་བའི་ཕྱག་མཚན་ལྡན་པའི་ ཕྱག་སྟོང་ཅན། །ས་གསུམ་དཀྱིལ་འཁོར་ཀུན་ལ་དབང་མཛད་མ། །དྲག་ཤུལ་ཆེ་སོགས་ཉེར་གཉིས་ཕྱག་རྒྱའི་འཁོར། །གདུག་པ་འདུལ་བའི་ལས་ལ་ཐོགས་མེད་པས། །ནག་པོའི་སྡེ་རྣམས་རྡུལ་དུ་བརླག་མཛད་པའི། །རིག་སྔགས་ལྷ་མོའི་ཚོགས་ལ་ཕྱག་ འཚལ་ལོ། །དུས་མིན་འཆི་དང་ནད་ཀྱི་འཇིགས་པ་སོགས། །མི་དང་མི་མིན་འབྱུང་ལས་བསྐྱེད་པ་ཡི། །འཇིགས་པ་དྲན་ནས་ཁྱོད་ལ་སྐྱབས་མཆི་ན། །འཇིགས་པ་ཀུན་ལས་རྟག་ཏུ་བསྲུང་དུ་གསོལ། །ལྷ་ཀླུ་ལྷ་མ་ཡིན་ལ་སོགས་པ་ཡི། །གདོན་ཆེན་རྣམས་ དང་གཟི་བརྗིད་མདངས་འཕྲོག་ཅིང། །མངལ་དང་ཤ་ཁྲག་ལ་སོགས་ཟ་བ་ཀུན། །ཁྱོད་ཞབས་དྲན་པ་ཙམ་གྱིས་བཟློག་ཏུ་གསོལ། །གང་གི་སྒོ་ནས་མི་བསྲུན་སྐྱེ་བོ་ཡིས། །བདག་ཅག་བདེ་ལེགས་འཕྲོག་པའི་རིག་སྔགས་སོགས། །མ་ལུས་བཅད་དང་ [016A]༄༅། །འབར་བའི་ཕུར་བུ་ཡིས། །དེ་དག་རྣམས་ལ་གདབ་པའི་འཕྲིན་ལས་མཛོད། །མདོར་ན་བཅོམ་ལྡན་མ་ཁྱོད་ཕྱག་རྒྱའི་ཚོགས། །སྐྱབས་སུ་བཟུང་ནས་རེ་བ་འཆའ་བ་ཡི། །ཚུལ་འདི་དགོངས་ལ་འགལ་རྐྱེན་ཀུན་ཞི་ཞིང། །མཐུན་རྐྱེན་ མ་ལུས་ཡིད་བཞིན་འགྲུབ་པར་མཛོད། ། ཅེས་བསྟོད་དོ། །དེ་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་གར་སྦྱར་ལ་ ། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། ། མ་རྙེད་ཡོངས་སུ་མ་ཤེས་དང། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་གཙོ་བོས་བཟོད་མཛད་རིགས། ། ཞེས་ནོངས་པ་བཟོད་པར་གསོལ་ཏེ་བསྟན་པ་རྒྱས་པ་ལ་སོགས་པའི་འདོད་པའི་དོན་ལ་གསོལ་བ་གདབ་པོ་ ། །ཨོཾ་ཁྱེད་ཀྱིས་སེམས་ཅན་ དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །སླར་ཡང་འབྱོན་པར་མཛད་དུ་གསོལ། ། སྔར་གྱི་སྤྱན་དྲང་པའི་ཕྱག་རྒྱ་ལས་མཐེ་བོང་གཉིས་ཕྱིར་བཀྱེད་པ་གཤེགས་སུ་གསོལ་བའི་ཕྱག་རྒྱ་དང་ ། ཛི་ན་ཛི་ཀ་གཙྪ་ གཞལ་ཡས་ཁང་དང་བཅས་པ་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། པར་བསམས་ཏེ་གཤེགས་སུ་གསོལ་ལོ། །རས་བྲིས་སོགས་ཡིན་ན། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སཱཧཱ། ཞེས་སོགས་བརྗོད་དེ་བརྟན་བཞུགས་བྱའོ། །དེ་ནས་ལག་པ་གཡོན་པ་བཀན་པའི་སྟེང་དུ་གཡས་པའི་ཐལ་མོ་ བཞག་སྟེ་སོར་མོ་བསྣོལ་པའི་རྩེ་མོ་དྲུང་པར་སྦྱར་ཏེ་ཐད་ཀར་བཞག་པ་མི་མཉམ་པའི་ཡན་ལག་གི་ཕྱག་རྒྱ་གཡོན་ཕྱོགས་ནས་བསྐོར་ཞིང་ ། ཨོཾ་ཧུ་ལུ་ཧུ་ལུ་ཙཎྜ་ལི་མ་ཏཾ་གི་བི་སཱཧཱ། ཞེས་བརྗོད་དེ་སྔར་ཕྱོགས་མཚམས་བཅིངས་པ་ལ་སོགས་པ་དགྲོལ་བར་བྱའོ། །དེ་ནས་དགེ་རྩ་བསྔོས་ལ་ལས་ཀྱི་ [016B] ། འཇིག་རྟེན་འདི་དང་གཞན་དང་མཐོ་རིས་ན། ། ཞེས་སོགས་ཤིས་པ་བརྗོད་པར་བྱའོ། །ཚུལ་དེ་ལྟ་བུས་སྔ་དྲོ་དང་གུང་དང་ཕྱི་དྲོའི་དུས་གསུམ་དུ་ཁྲུས་བྱས་ནས་བཟླས་བརྗོད་ཀྱི་ཆོ་ག་སྔར་བཤད་པ་ལྟར་བྱའོ། །ཐུན་མཚམས་སུ་ཇི་ལྟར་བྱ་བ་ནི། ལྷའི་ང་རྒྱལ་བརྟན་པར་ བྱས་ལ་ཤེར་ཕྱིན་ལ་སོགས་ཀྱི་གླེགས་བམ་བཀླག་པ་དང། རྗེས་སུ་དྲན་པ་དྲུག་བསྒོམ་པ་དང། མཎྜལ་དང་མཆོད་རྟེན་གདབ་པ་སོགས་བྱའོ། །ཉིན་གཅིག་བཞིན་དུའང་མཆོད་པའི་སྣོད་རྣམས་བཀྲུ་བ་དང། མེ་ཏོག་ཕུལ་བ་རྣམས་དུས་གསུམ་དུ་འཕྱག་པ་དང། བླ་གོས་ལ་སོགས་པའི་གོས་རྣམས་དུས་ གསུམ་དུ་སྔར་གྱི་གོས་བགོ་བའི་སྔགས་ཀྱིས་བསྔགས་ཤིང་བཀྲུ་བའམ་བདུག་པའམ་བསང་གཏོར་བྱས་ལ། བཟླས་བརྗོད་དང་སྦྱིན་སྲེག་དང་མཆོད་པ་ལ་སོགས་ལ་ཉལ་བ་དང་འཕྲེས་པ་མ་གཏོགས་པར་རྟག་ཏུ་བླ་གོས་བགོ་ལ་ཉལ་བ་དང་ཁྲུས་བྱེད་པ་མ་གཏོགས་པར་མཐང་གོས་མི་སྤང་ཞིང་རྡུལ་གྱིས་མ་གོས་ པར་བྱའོ། །བུ་མོས་བཀལ་བའི་བཀུད་པ་དམར་པོ་ལེ་རྒན་རྩིའམ་གུར་གུམ་གྱིས་བཅོས་པ་ལ་མདུད་པ་བདུན་པོར་ཏེ་ ། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་བནྡྷ་ནི་ཤྲུ་ཏྲ་དྷ་ར་ཎི་སིདྡྷ་རྠེ་སཱཧཱ། ཞེས་པ་སྟོང་བཟླས་ལ་སྲོད་ཀྱི་དུས་སུ་རྐེད་པ་ལ་བཅིངས་ནས་འཛག་པ་བསྲུང་བར་བྱའོ། །ཟླ་བ་ཕྱེད་ཕྱེད་ཅིང་ཞག་གཅིག་ ཏུ་སྨྱུང་བ་བྱས་ནས་བ་དམར་སེར་གྱི་འོ་མ་ཞོ་མར་བཤད་གཅི་སྟེ་བ་བྱུང་ལྔ་ཀུ་ཤ་ཆུ་དང་བཅས་པ་ལ་ ། ན་མོ་བྷ་ག་ཝ་ཏེ་ཨུཥྟཱི་ཥ་ཡ་ཨོཾ་བི་ཤུདྡྷེ་བའི་རཱ་ཛཱ་ཤི་བི་ཤནྟེ་ཀ་རེ་སཱཧཱ། ཞེས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་སྔགས་འདི་ལན་བརྒྱར་བསྔགས་ནས་ཤར་དུ་བལྟས་ཏེ་ ཙོག་ཙོག་པུར་འདུག་ནས་སྲང་གསུམ་ཙམ་མཆོད་ཡོན་གྱི་སྣོད་གང་རུང་དུ་འཐུང་ན་བཟླས་པའི་སྐབས་སུ་གླལ་དང་སྦྲིད་པ་ལ་སོགས་ཀྱི་ཉེས་པ་ཟླ་བ་ཕྱེད་དུ་དག་པར་འགྱུར་ཞིང། བཟའ་བྱ་མིན་པ་སོགས་གང་ཟོས་པ་དེ་ཐམས་ཅད་བྱང་བར་འགྱུར་བར་ལེགས་གྲུབ་ལས་གསུངས་སོ།། [017A]༄༅། །གདུགས་དཀར་གྱི་མདོ་འདོན་ན་ ། །བྱང་ཆུབ་བར་དུ་བདག་བརྩོན་ནོ། ། ཞེས་སེམས་བསྐྱེད་པའི་རྗེས་བཟླས་པ་བྱེད་པའི་སྐབས་སུ། དབུ་ནས་རྫོགས་ཀྱི་བར་ཇི་ཙམ་གྲུབ་པ་བཏོན་ནས་གཏོར་མ་ཕྱིན་ཆད་སྔར་བཞིན་བྱའོ། །བཟླས་པའི་སྔ་རོལ་གྱི་གསོལ་གདབ་དང། གཏོར་ མའི་རྗེས་ཀྱི་ཕྲིན་ལས་འཚོལ་ཚུལ་གྱི་ཚིག་ནི། གདུགས་དཀར་མཆོག་ཏུ་གྲུབ་པ་ལྟར་དུ་བཀོད་པ་ཡིན་ལ། གདུགས་དཀར་གྱི་རྒྱུད་གཞན་གྱི་སྒོ་ནས་གསོལ་གདབ་དང་འཕྲིན་ལས་འཆོལ་བའི་ཚིག་ཀྱང་འདི་ལས་དཔགས་ཏེ་ཤེས་པར་བྱའོ་ །། ༈ །།བཅོམ་ལྡན་འདས་རྣམ་ པར་རྒྱལ་མའི་སྒོམ་བཟླས་སོགས་བྱེད་ཚུལ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་ཕཊ་སཱཧཱ། ཞེས་པའི་གནས་སུ་ ། ཨོཾ་བཧྲུཾ་སཱཧཱ། ཞེས་པའམ་ ། ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སཱཧཱ། ཞེས་པ་གང་རུང་བརྗོད་དོ། །དངོས་གཞིའི་བདག་བསྐྱེད་ཀྱི་སྐབས་ སུ་ ། སྟོང་པའི་ངང་ལས། ཨོཾ་བྷྲཱུཾ་སཱཧཱ། ཞེས་པའི་སྔགས་ཀྱི་གདངས་ཀྱི་རྣམ་པར་ནམ་མཁའ་ལ་གྲག་པར་གྱུར། ཞེས་དང་ ། ཡིག་འབྲུ་བྲིས་པའི་རྣམ་པ་ཅན་དུ་འཁོད་པ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ། རྩེ་མོ་བཅུ་གཉིས་པ་ལྟེ་ བ་དཀར་པོ་མདུན་གྱི་རྭ་གསུམ་སྔོ་གཡས་ཀྱི་རྭ་གསུམ་སེར་གཡོན་གྱི་རྭ་གསུམ་ལྗང་རྒྱབ་ཀྱི་རྭ་གསུམ་དམར་པོ་ ། ལྟེ་བར་ཨོཾ་བྷྲཱུཾ་སཱཧཱ། ཞེས་པས་མཚན་པར་གྱུར། ཟླ་བ་དང་ཕྱག་མཚན་སྔགས་དང་བཅས་པ་ལས་འོད་ཟེར་སྣ་ཚོགས་བྱུང་བའི་རྩེ་མོ་ལས། རྗེ་ བཙུན་མ་རྣམ་པར་རྒྱལ་མའི་ལྷའི་གཟུགས་དཔག་ཏུ་མེད་པ་བྱུང་ནས། ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པར་བྱས། ཞེས་པ་ནས་ ། ལྷའི་སྐུ་དང་བཅས་པའི་འོད་ཟེར་སླར་ལོག་ནས་རང་གི་སེམས་ཟླ་བའི་དཀྱིལ་འཁོར་དང་ཕྱག་ [017B] རང་ཉིད་བཅོམ་ལྡན་འདས་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ་ཞལ་གསུམ་ཕྱག་བརྒྱད། རྩ་ཞལ་དཀར་བ། གཡས་སེར་གཡོན་སྔོ་བའི་ཞལ་རེ་རེའང་སྤྱན་གསུམ་གསུམ་དང་ ལྡན་པ། གཡོན་ཞལ་ཡིད་ཙམ་ཁྲོ་བ། མཆེ་བ་ཅུང་ཟད་གཙིགས་པ། ཕྱག་བརྒྱད་ཀྱི་གཡས་དང་པོ་སྣ་ཚོགས་རྡོ་རྗེ། གཉིས་པར་པདྨའི་སྟེང་དུ་སངས་རྒྱས་འོད་དཔག་མེད། གསུམ་པས་མདའ་འཛིན་ཞིང། བཞི་པ་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ་ གཡོན་དང་པོ་རྡོ་རྗེའི་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་མཛད་པ། །གཉིས་པ་མི་འཇིགས་པའི་ཕྱག་རྒྱ། གསུམ་པ་ན་གཞུ། བཞི་པ་མཉམ་གཞག་གི་ཕྱག་རྒྱའི་སྟེང་དུ་བདུད་རྩིས་གང་བའི་བུམ་པ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ ཀྲུང་གིས་བཞུགས་པ། དར་གྱི་སྟོད་གཡོགས་དང་སྨད་གཡོགས་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དེའི་གཡས་སུ་སྤྱན་རས་གཟིགས་དཀར་པོ་གཡས་རྔ་ཡབ་དཀར་པོ། གཡོན་པདྨ་དཀར་པོ་བསྣམས་པ། གཡོན་དུ་གསང་བའི་བདག་ པོ་སྔོན་པོ། གཡས་རྔ་ཡབ་དཀར་པོ། གཡོན་ཨུཏྤལ་སྔོན་པོའི་སྟེང་ན་རྡོ་རྗེ་བསྣམས་པ། གཉིས་ཀའང་ཞི་བའི་ཉམས་ཅན། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་བཞེངས་པ། གཙོ་མོ་ལ་གཟིགས་པ། ཤར་དུ་མི་གཡོ་བ་སྔོན་པོ་གཡས་རལ་ གྲི༑ ལྷོར་འདོད་རྒྱལ་སྔོན་པོ་གཡས་ལྕགས་ཀྱུ། ནུབ་ཏུ་དབྱུག་སྔོན་ཅན་སྔོན་པོ་གཡས་དབྱུག་པ། །བྱང་དུ་སྟོབས་པོ་ཆེ་སྔོན་པོ་གཡས་རྡོ་རྗེ་རྩེ་གསུམ་པ་བསྣམས་པ། ཐམས་ཅད་ཀྱང་གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པ། དབུ་སྐྲ་དང་སྨར་ [018A]༄༅། །དམར་སེར་འབར་ཞིང་མཆེ་བ་གཙིགས་པ། སྟག་གི་པགས་པའི་ཤམ་ཐབས་ཅན་སྦྲུལ་གྱིས་བརྒྱན་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་གཡས་བསྐུམ་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ། སྟེང་གི་གཡས་ གཡོན་དུ་གནས་གཙང་མའི་ལྷའི་བུ་གཉིས་སེར་པོ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཕྱག་གཉིས་བདུད་རྩིའི་བུམ་པ་བསྣམས་ནས་བཅོམ་ལྡན་འདས་མ་ལ་སྐུ་ཁྲུས་གསོལ་བ། ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱ་དམར་པོ། ཐུགས་ ཀར་ཧཱུཾ་སྔོན་པོ། དཔྲལ་བར་ཏྲཱཾ་སེར་པོ། ལྟེ་བར་ཧྲཱི་དམར་པོ། བརླ་གཡས་གཡོན་ལ་ཨཾ་ཨཱ་ལྗང་གུ་ ཞེས་པའི་རྗེས་སུ་གནས་བཞི་བྱིན་གྱིས་བརླབ་པའམ། ཡང་ན་ ། ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་ལྟེ་བར་ཨོཾ་གྱིས་མཚན་པ། ཞེས་པ་ནས་ ། ཨོཾ་ཏ་ཐཱ་ག་ཏ་ཨུདྦྷ་ཝ་ཡེ་སཱཧཱ། ཞེས་གནས་བཞི་བྱིན་གྱིས་བརླབས་ཏེ་མཆོད་ནས་ ། མཛེས་ལྡན་པདྨ་དྲི་མེད་རི་བོང་ཅན། །དེ་སྟེང་སྒེག་པའི་ཉམས་ཀྱིས་ཡིད་འཕྲོག་ཅིང། །གཟི་བྱིན་ཉི་མ་འབུམ་ལྟར་རབ་ཏུ་བརྗིད། །ཕྱག་གི་མཐིལ་ན་ཆེ་དཔག་མེད་བཞུགས་ཤིང། ། བདུད་དང་ཉོན་མོངས་དགྲ་ལས་ལེགས་རྒྱལ་བས། །འཇིག་རྟེན་གསུམ་ན་རྣམ་པར་རྒྱལ་མ་ཞེས། །གང་གི་སྙན་པ་རབ་ཏུ་གསལ་བ་ཅན། །བཅོམ་ལྡན་འདས་མ་དེ་ལ་མགོས་ཕྱག་འཚལ། །དེ་ཡི་ཀུན་ཏུ་བཟང་པོའི་ཕྲིན་ལས་རྣམས། །དགོངས་པ་ཇི་བཞིན་ སྐོང་པའི་ཕུན་ཚོགས་འཁོར། །རྗེ་བཙུན་ཐུགས་རྗེའི་གཏེར་དང་གསང་བའི་བདག་དཔལ་ལྡན་ཁྲོ་བོའི་དབང་པོ་བཞི་ལ་འདུད། །འཆི་བདག་སྟོབས་འབྲོག་བདུད་རྩིའི་རྒྱུན་འབེབས་ཤིང། །རྡོ་རྗེ་ཚེ་ཡི་དཔལ་རབ་སྟེར་མཛད་པ། །རབ་མཆོག་ལྷ་ཡི་བུ་ནི་ཟུང་ [018B] །རྒྱུན་དུ་དང་བས་བདག་ནི་ཕྱག་འཚལ་ལོ། ། ཞེས་སོགས་ཀྱིས་བསྟོད། གཙོ་མོ་རྐྱང་པ་ལས་མ་བསྐྱེད་ན་གཙོ་མོའི་བསྟོད་པ་ཉིད་བྱའོ། །མདུན་བསྐྱེད་ཀྱི་སྐབས་སུ་ ། ནང་གི་སྟེང་དང་འོག་གི་ས་གཞི་ཐམས་ཅད་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང། དབུས་དཀར་བར་ གྱུར་པའི་ནང་གི་དབུས་སུ་རིན་པོ་ཆེ་ལས་གྲུབ་པའི་མཆོད་རྟེན། རིན་པོ་ཆེའི་ཁྲིའི་སྟེང་ན་རིན་པོ་ཆེའི་བང་རིམ་ཟླུམ་པོ་གསུམ་དེའི་སྟེང་དུ་བུམ་གདན། དེའི་སྟེང་དུ་བུམ་པ། དེའི་སྟེང་དུ་བྲེ། དེའི་སྟེང་དུ་གདུགས་རིམ་པ་བཅུ་གསུམ། ཆར་ཁེབས་ཏོག་དང་བཅས་ པ་མེ་ཏོག་གི་ཕྲེང་བ་དང་དར་སྣ་ཚོགས་ཀྱི་ལྡ་ལྡིས་མཛེས་པར་བྱས་པ། བུམ་པ་ཟླུམ་པོ་སྒོ་དང་བཅས་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་དང། གཡས་གཡོན། སྟེང་རྣམས་སུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལྔ། ཕྱོགས་བཞིར་སྣ་ཚོགས་པདྨ་དང་ཉི་ མའི་གདན་རེ་རེ། ན་མཿ་སརྦ་ཏ་ཐཱ་ག་ཏཱ་ནཱཾ། ཞེས་སོགས་དང། སྤྱན་འདྲེན་གྱི་སྐབས་སུ་ ། ཛི་ན་ཛི་ཀ་ཨེ་ཧྱེ་ཧི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སཱཧཱ། བཅོམ་ལྡན་འདས་གཙུག་ཏོར་རྣམ་པར་རྒལ་མའི་ལྷ་ཚོགས་ལ་རིག་ སྔགས་དང། གསང་སྔགས་དང། ཁྲོ་བོ་དང། མངགས་གཞུག་པ་དང། མངག་གཞུག་མ་ལ་སོགས་པ་ནམ་མཁའི་དབྱིངས་ཁྱབ་ཅིང་ཁོར་ཡུག་ཏུ་བསྐོར་བ་བྱོན་པ་ནི། དབུས་ཀྱི་པད་ཟླའི་གདན་ལ། བཅོམ་ལྡན་འདས་གཙུག་ཏོར་རྣམ་པར་རྒྱལ་མ་སྐུ་མདོག་ དཀར་མོ། ཞེས་པ་ནས་ ། ཕྱག་གཉིས་བདུད་རྩིའི་བུམ་པ་བསྣམས་ནས་བཅོམ་ལྡན་འདས་མ་ལ་སྐུ་ཁྲུས་གསོལ་བ། ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་ལྟེ་བར་ཨོཾ་གྱིས་མཚན་པ། ཞེས་སོགས་དང། མཆོད་པའི་སྐབས་སུ་ ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ [019A]༄༅། །ཥ་བི་ཛ་ཡ་ས་པ་རི་ཝཱ་ར། ཞེས་པ་མཆོད་སྔགས་ཀུན་གྱི་འགོར་སྦྱར། བསྟོད་པའི་སྐབས་སུ་ ། རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། ། ཞེས་པའི་རྗེས་སུ་ ། མཛེས་ལྡན་པདྨ་དྲི་མེད་རི་བོང་ཅན། ། ཞེས་སོགས་ཀྱིས་བསྟོད་ནས་ ། ན་མཿ་སརྦ་བུདྡྷ་བོ་དཧི་སཏ་ནཱི་ ཞེས་སོགས་དང། བཟླས་བའི་སྐབས་སུ་ ། ལྷའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་བྷཱུཾ་སཱཧཱ། ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སཱཧཱ། ཞེས་དང་ ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཞེས་པ་ནས་ ། མཧཱ་མུ་དྲཱ་མནྟྲ་པ་དེཿ་སཱཧཱ། ཞེས་པའི་བར་གྱིས་མཚན་པར་གྱུར་བར་བསམ་ཞིང་ཤུ་པ་ བུའི་བཟླས་པ་སོགས་བྱས་ནས་གཏོར་མ་ཆ་གསུམ་ཕུལ་ཏེ་ ། བདག་ཅག་གི་དགེ་བའི་རྩ་བ་འདི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་སྐུ་ཚེ་རྒྱས་པ་ལ་སོགས་པའི་དངོས་གྲུབ་ཀྱི་རྒྱུར་བཅོམ་ལྡན་འདས་མ་རྣམ་པར་རྒྱལ་མའི་ལྷ་ཚོགས་ལ་འབུལ་ལོ། ། ཞེས་སོགས་ཀྱི་དགེ་རྩ་ ཕུལ་ནས་མཆོད་པའི་རྗེས་སུ། སྔར་གྱི་སྤྱི་བསྟོད་དང་ ། མཛེས་ལྡན་པདྨ་དྲི་མེད་རི་བོང་ཅན། ། ཞེས་སོགས་ཀྱིས་བསྟོད་ནས། བཟོད་གསོལ་སོགས་དང། སྔ་ཕྱིའི་ཆོ་ག་གཞན་ཐམས་ཅད་ནི་གདུགས་དཀར་གྱི་སྐབས་བཞིན་བྱའོ། །བུམ་བསྐྱེད་བྱ་ཚུལ་ནི། བདག་བསྐྱེད་བསྟོད་པ་དང་བཅས་པ་ ཡན་སྔར་ལྟར་རྫོགས་པར་བྱས་པའི་རྗེས་སུ། བུམ་པ་སྤྱི་དང་མཐུན་པར་བཤམས་པའི་སྟེང་དུ་མཆོད་རྟེན་ཆད་ལྡན་བཞུགས་པའི་ཐ་མར་མཆོད་ཡོན་སོགས་མཆོད་པ་ཅི་འབྱོར་པ་བཤམ། སྟང་མཆོད་བྱེད་ན། མཆོད་ཡོན་དང། མེ་ཏོག་དང། བདུག་སྤོས་དང། སྣང་གསལ་དང། དྲི་མཆོག་དང། ཞལ་ཟས་ དང༑ གདུགས་དང། བ་དན་རྣམས་སྟོང་ཕྲག་རེ་རེ། གཞན་ཡང་མཆོད་པ་འབྱོར་ཚད་བཤམས། གཏོར་མ་སྟོང་གི་ཆས་ཀྱང་བཞག་གོ་དེ་ནས་ ། །སྭ་བྷཱ་ཝ་ ས་སྟོང་པར་སྦྱངས་ལ་ ། སྟོང་པའི་ངང་ལས་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ་ལྟོ་བ་ཆེ་བ། མགྲིན་པ་རིང་ [019B] པར་བསམ་ ། དེའི་སྟེང་དུ་བྷྲཱུཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་མཆོད་རྟེན། ཞེས་པ་ནས་ ། ཕྱོགས་བཞིར་སྣ་ཚོགས་པདྨ་དང་ཉི་མའི་གདན་རེ་རེ། ཞེས་པའི་བར་དང་ ། ཨོཾ་བྷྲཱུཾ་སཱཧཱ་ ཞེས་པའི་གདངས་ཀྱི་རྣམ་པར་ནམ་མཁའ་ལ་གྲག་པར་གྱུར། དབུས་ཀྱི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྔགས་ཀྱི་གདངས་ཀྱི་རྣམ་པར་ནམ་མཁའ་ལ་གྲགས་པ་དེ་ཤིན་ཏུ་དག་པའི་དངུལ་ཆུ། ཞེས་པ་ནས་ ། ལྷའི་སྐུ་དང་བཅས་པའི་འོད་ཟེར་སླར་ལོག་ནས་ཟླ་ བའི་དཀྱིལ་འཁོར་དང་ཕྱག་མཚན་སྔགས་དང་བཅས་པ་ལ་ཞུགས་པ་ལས། བཅོམ་ལྡན་འདས་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ་ཞལ་གསུམ་ཕྱག་བརྒྱད། ཅེས་པ་ནས་ ། ཕྱག་གཉིས་བདུད་རྩིའི་བུམ་པ་བསྣམས་ནས་བཅོམ་ལྡན་འདས་མ་ལ་ སྐུ་ཁྲུས་གསོལ་བ། ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོའི་ལྟེ་བར་ཨོཾ་གྱིས་མཚན་པ། ཞེས་པ་ནས་ ། གནས་བཞི་བྱིན་གྱིས་བརླབ་པའི་བར་བྱས་ནས། ཤཾ་ཀ་རེ་ས་མཱ་ཡེ་སཱཧཱ། ཛི་ན་ཛིཀ། ཅེས་ཕྱག་རྒྱ་བསྟན་པའི་རྗེས་སུ་མཆོད་པ་བསང་ཞིང་བྱིན་ གྱིས་བརླབས་ནས་ ། བྱང་ཆུབ་བར་དུ་བདག་བརྩོན་ནོ། ། ཞེས་པའི་བར་བྱ། བཟླས་པའི་སྐབས་སུ། དམིགས་པ་སྔར་ལྟར་བྱས་ལ་ཡང་མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་འཕྲང་ལས་འོད་ཟེར་འཕྲོས་པས་རྒྱལ་བ་སྲས་བཅས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་བུམ་པའི་ཆུ་ལ་ཐིམ་ཞིང་ལྷའི་སྐུའི་བ་སྤུའི་བུ་ག་ནས་ ཀྱང་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ཞིང། ལག་པ་གཉིས་མཉམ་པའི་ཐལ་མོ་ལས་མཐེ་བོང་དང་མཛུབ་མོ་གཉིས་རྩེ་སྤྲད་པ། ལེགས་སོ་སྦྱིན་པའི་ཕྱག་རྒྱ་བཅས་ལ་གཟུངས་རིང་ཚར་གཅིག་བཟླ། དེ་ནས་ཕྱག་རྒྱ་མེད་པར་བཟླ་ཞིང་སྟོང་མཆོད་ཀྱི་སྐབས་ཡིན་ན་གཟུངས་རིང་སྟོང་ [020A]༄༅། །ཡན་ཆད་བཟླས་པའི་རྗེས་སུ། གྲུབ་ན་ཕྱག་སྟོང་དང་སྐོར་བ་སྟོང་ཡང་བྱའོ། །དེ་ནས་ཨ་ཀཱ་རོའམ་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་གཏོར་མ་བྱིན་གྱིས་བརླབས་ལ་ ། ཨོཾ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་བཅོམ་ལྡན་འདས་མ་འཁོར་ བཅས་ལ་གཏོར་མ་སྟང་ཕུལ་བའི་རྗེས་སུ་ཆ་གསུམ་དབུལ་བ་ནས་སྲུང་འཁོར་དགྲོལ་བ་དང་ཤིས་པ་བརྗོད་པའི་བར་རྣམས་སྔར་བཤད་པ་བཞིན་བྱའོ། །ཡང་ན་བུམ་པའི་སྟེང་གི་མཆོད་རྟེན་གྱི་ནང་དུ་ལྷ་བསྐྱེད་ཚུལ་ནི་ ། ཕྱོགས་བཞིར་སྣ་ཚོགས་པདྨ་དང་ཉི་མའི་གདན་རེ་རེ་ ཞེས་པའི་རྗེས་སུ་གནས་བྱིན་ གྱིས་བརླབས་པའི་སྔགས་བརྗོད་པ་ནས་སྤྱན་དྲངས་ཏེ་མཆོད་ཡོན་མགོའི་ཐད་ནས་ཕུལ་བའི་རྗེས་སུ་ ། བཅོམ་ལྡན་འདས་རྣམ་པར་རྒྱལ་མའི་ལྷ་ཚོགས་ལ་རིག་སྔགས་དང། ཞེས་པ་ནས་ ། ཁོར་ཡུག་ཏུ་བསྐོར་བ་བྱོན་པ་ནི་དབུས་ཀྱི་པད་ཟླའི་གདན་ལ་བཅོམ་ལྡན་འདས་རྣམ་ པར་རྒྱལ་མ་སྐུ་མདོག་དཀར་མོ། ཞེས་པ་ནས་ ། ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོའི་ལྟེ་བར་ཨོཾ་གྱིས་མཚན་པ། ཞེས་སོགས་དང། དེ་ནས་ ། བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། ། ཞེས་པ་ནས། བགེགས་བསྐྲད་པའི་བར་བྱས་ལ། སྔ་ཕྱིའི་ཆོ་ག་གཞན་ རྣམས་ནི་སྔར་བཞིན་དུ་བྱའོ། །བུམ་པའི་ལྷ་བསྐྱེད་ཚུལ་སྔ་མ་ལ་ནི་སྤྱན་དྲང་བ་ནས་གདན་དབུལ་བའི་བར་དང་ཕྱི་འབྲང་གི་བགེགས་བསྐྲད་པ་མི་དགོས་པ་འདྲའོ། །བུམ་བསྐྱེད་གཞན་ལའང་བུམ་པའི་ལྷ་བསྐྱེད་ཚུལ་སྔ་ཕྱི་གཉིས་གང་རུང་བྱའོ། །ཁྱད་པར་ནི་བུམ་པའི་ནང་དུ་ལྷ་རང་རང་གི་གདན་བསམས་ལ་བུམ་པའི་ནང་ དུ་བསྐྱེད་པར་བྱའོ། །དེ་བཞིན་གཤེགས་པའི་རིགས་རྗེ་བཙུན་འཇམ་དབྱངས་ཨ་ར་པ་ཙ་ན་ལ་ ། ཨོཾ་བྷྲཱུཾ་སཱཧཱ། ཞེས་པའི་གནས་སུ་ ། ཨོཾ་ཨ་ར་པ་ཙ་ན་དྷཱི་ ཞེས་པ་དང། ལྷ་མོ་འོད་ཟེར་ཅན་ལ་ ། ཨོཾ་མཱ་རཱི་ཙྱཻ་མཾ་སཱཧཱ། ཞེས་སོགས་གཞུག་བདག་བསྐྱེད་ཀྱི་སྐབས་སུ་ ཡིག་འབྲུ་བྲིས་ [020B] ར་གྲིའི་དབུས་སུ། ཨོཾ་ཨ་ར་པ་ཙ་ན་དྷཱི་ཞེས་པས་མཚན་པར་གྱུར། ཞེས་སོགས་ཀྱིས་ཐུན་མོང་མ་ཡིན་པ་མཆོད་འབུལ་སོགས་ཀྱི་མགོར་འདོགས་ཚུལ་ཅུང་ཟད་བསྒྱུར་བ་དང། མངོན་རྟོགས་རང་རང་གི་གཞུང་བཞིན་དང་ བཟླས་བྱའི་སྔགས་མ་གཏོགས་བདག་བསྐྱེད་མདུན་བསྐྱེད་བུམ་བསྐྱེད་རྣམས་ཀྱི་ཆོ་ག་སྔ་ཕྱི་ཐམས་ཅད་སྔར་བཤད་པ་ལྟར་བྱའོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ལ་སྦྱར་ཏེ་ཤེས་པར་བྱའོ། །རིགས་གཞན་གཉིས་ལ་སྦྱོར་ཚུལ་ནི་ ། ཨོཾ་ཏ་ཐཱ་ག་ཏ་ཨུདྦྷ་ཝ་ཡེ་སཱཧཱ་ ཞེས་པ་རྣམས་ཀྱི་གནས་སུ། པདྨའི་རིགས་མགོན་པོ་ཚེ་དཔག་མེད་དང། བཅུ་གཅིག་ཞལ་ལ་སོགས་པ་རྣམས་ལ། ཐལ་མོ་སྦྱར་བ་ཁ་བྱེ་བའི་ཚུལ་དུ་བྱས་ཏེ་སྙིང་གར་བཞག་ནས་ ། ཨོཾ་པདྨ་ཨུདྦྷ་ཝ་ཡེ་སཱཧཱ། ཞེས་དང། དཔལ་ཕྱག་ན་རྡོ་རྗེ་སོགས་རྡོ་རྗེའི་རིགས་རྣམས་ལ། ཐལ་མོ་ལྡོག་ སྟེ་སྦྱར་ལ་མཐེ་བོང་དང་མཐེའུ་ཆུང་གཉིས་སྦྱར་ཏེ་ལྟེ་བའི་ཐད་དུ་བཞག་ལ་ ། ཨོཾ་བཛྲ་ཨུདྦྷ་ཝ་ཡེ་སཱཧཱ། ཞེས་དང། བདག་བསྐྱེད་མདུན་བསྐྱེད་ཀྱི་ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་སྔོན་པོའི་ལྟེ་བར་ཧཱུཾ་གིས་མཚན་པ་ཞེས་པའི་རྗེས་སུའང་རང་རང་གི་སྔགས་འདི་དག་བརྗོད་ཅིང། རང་རང་གི་ཕྱག་རྒྱ་འདི་དག་ ཐུགས་ཀ་དང་སྨིན་མཚམས་དང། མགྲིན་པ་དང་དཔུང་མགོ་རྣམས་སུ་རེག་ལ། བྱིན་གྱིས་བརླབ་པར་བྱའོ་ ། །ཛི་ན་ཛི་ཀ། ཅེས་པའི་གནས་རྣམས་སུ་ ། པདྨའི་རིགས་ལ་ཨཱ་རོ་ལིག། ཅེས་དང་ ། རྡོ་རྗེའི་རིགས་ལ་བཛྲ་གྷྲྀཀ། ཅེས་དང་ ། ཨོམ་སརྦ་ཏ་ཐཱ་ག་ཏོ་ཥྞཱི་་སི་ཏཱ་ཏ་པ་ཏྲེ་ཧཱུཾ་ ཕཊ་སཱཧཱ། ཞེས་པའི་གནས་སུ་ལྷ་རང་རང་གི་སྙིང་པོ་དང་ཉེ་སྙིང་ལ་སོགས་པའི་སྔགས་དང། གདུ་བུའི་དབུས་ཀྱི་ཕྲེང་རྡོག་ནི་པདྨའི་རིགས་ལ་པདྨའི་སྙིང་པོ་དང། རྡོ་རྗེའི་རིགས་ལ་རུ་རག་ཤའི་ཕྲེང་རྡོག་གཅིག་བཏགས་ལ་ ། ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སཱ་དྷ་ནི་སཱཧཱ། ཞེས་ [021A]༄༅། །པའི་གནས་སུ། པདྨའི་རིགས་ལ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཐོང་བ་དང་ནི་ཐོས་པ་དང། །རེག་པ་ དང་ནི་དྲན་པའང་རུང། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ནད་རྣམས་ཀུན་གྱི་སོས་གྱུར་ཅིག་ཏཌྱ་ཐཱ། ཀ་ཊེ་བི་ཀ་ཊེ་ཀཾ་ཀ་ཊེ་ཀ་ཊ་བི་ཀ་ཊེ། ཀཾ་ཀ་ཊེ་བྷ་ག་ཝ་ཏི་བི་ཛ་ཡེ་སཱཧཱ། ཞེས་དང། རྡོ་རྗེའི་རིགས་ལ། ཨོཾ་ཀུ་ལན་དྷ་རི་བནྡྷ་བནྡྷ་ཧཱུཾ་ཕཊ། ཅེས་དང། ཨོཾ་ཏེ་ ཛཿ་ཏེ་ཛཿ་ས་ནི་སིདྡྷི་སཱ་དྷ་ཡ་ཧཱུཾ། ཞེས་པའི་གནས་སུ། པདྨའི་རིགས་ལ། ཨོཾ་དཧི་བྱ་དཧི་བྱ་དཧི་པ་ཡ། ཨ་བི་ཤ་མཧཱ་ཤྲཱི་ཡ་ཡེ་སཱཧཱ། ཞེས་དང། རྡོ་རྗེའི་རིགས་ལ། ཨོཾ་ཛྭ་ལ་ཛྭ་ལ་ཡ་བནྡྷ་རི་ཧཱུཾ་ཕཊ། ཅེས་དང། དངོས་གཞི་བདག་བསྐྱེ་མདུན་བསྐྱེད་ཀྱི་ལྷ་དྲུག་བསྐྱེད་པའི་སྐབས་ སུ་ལྷ་རང་རང་གི་སྙིང་པོ་དང། ཉེ་སྙིང་སོགས་ཀྱི་སྔགས་ཀྱི་གདངས་ཀྱི་རྣམ་པར་ནམ་མཁའ་ལ་གྲགས་པར་བསམ་པ་དང། རང་རང་གི་གདན་ཟླ་བ་དང། ཉི་མ་ལ་སོགས་པའི་སྟེང་དུ་རང་རང་གི་སྔགས་ཀྱི་གདངས་ཀྱི་རྣམ་པར་ནམ་མཁའ་ལ་གྲགས་པ་དེ་ཡིག་འབྲུ་ཟིས་པའི་རྣམ་པ་ཅན་དུ་འཁོད་པ་ལས་ རང་རང་གི་ཕྱག་མཚན་གྱི་གཙོ་བོ་རང་རང་གི་སྔགས་ཀྱིས་མཚན་པ་ལས་སྐུ་ལ་སོགས་པ་སྤྲོ་བསྡུ་བྱས་ཏེ་ལྷ་བསྐྱེད་པ་དང་སྤྱན་དྲངས་ཏེ་བཞུགས་སུ་གསོལ་ནས་གསལ་གདབ་པ་རྣམས་ནི་རང་རང་གི་མངོན་རྟོགས་ཀྱི་སྐབས་དང་སྦྱར་ལ་ཐུན་མོང་བ་རྣམས་སྔར་ལྟར་བསྒོམ་ཞིང་བརྗོད་པར་ བྱའོ། །ཨོཾ་ཏྲཾ་བནྡྷ་སཱཧཱ། ཞེས་པའི་གནས་སུ། ཨོཾ་ན་མོ་མཧཱ་ཤྲཱི་ཡཱ་ཡཻ། སཽ་མེ་སིདྡྷི་སིདྡྷི་སཱ་དྷ་ཡ། ཤི་བི་ཤི་བཾ་ཀ་རི། ཨ་བྷ་ཧ། སརྦ་ཨརྠ་སཱ་དྷ་ནི་སཱཧཱ། ཞེས་པདྨའི་རིགས་ཀྱི་ལས་ཐམས་ཅད་པ་དང། ཨོཾ་ཀཱི་ལི་ཀཱི་ལ་བཛྲ་ཧཱུཾ་ཕཊ། ཅེས་རྡོ་རྗེའི་ [021B] །སྤྱན་དྲང་པའི་སྐབས་སུ། མཆོད་ཡོན་གྱི་སྣོད་བཟུང་ནས་པདྨའི་རིགས་ལ་བྲང་དང། རྡོ་རྗེའི་རིགས་ལ་ལྟེ་བའི་ཐད་ཀ་ནས་ཕུལ་ལ་བྱོན་པར་བསམ་མོ། །དེ་སྲིད་བཅོམ་ལྡན་བཞུགས་སོ་གསོལ། ། ཞེས་པའི་རྗེས་སུ་པདྨའི་ རིགས་ལ། ཨོཾ་ཀ་མ་ལ་ཡེ་སཱཧཱ། ཞེས་དང། རྡོ་རྗེའི་རིགས་ལ། ཨོཾ་བཛྲ་ཨཱ་ས་ནི་ཧཱུཾ་ཕཊ། ཅེས་པ་ཕྱག་རྒྱ་དང་བཅས་པས་གདན་དབུལ། རྒྱས་པར་བྱེད་ན་གདན་གསུཾ་ག་དབུལ་ལོ། །ཤཾ་ཀ་རེ་ས་མཱ་ཡེ་སཱཧཱ། ཞེས་ཕྱག་རྒྱ་བསྟན་པའི་རྗེས་སུ། པདྨའི་རིགས་ལ་ལག་ པ་གཉིས་ཕན་ཚུན་དུ་ཁུ་ཚུར་བཅིངས་ལ་གཡོན་པའི་མཐེ་བོང་ནང་དུ་བཅུག་སྟེ་གཡས་པའི་མཐེ་བོང་བསྟན་པ་དང། རྡོ་རྗེའི་རིགས་ལ་དེ་ཉིད་ལས་གཡོན་པའི་མཐེ་བོང་བསྟན་པའི་ཕྱག་རྒྱ་བྱའོ། །ཨོཾ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ། མི་གཡོ་བ། ཅེས་པའི་གནས་སུ་པདྨའི་རིགས་ཀྱི་ཁྲོ་ བོའི་སྔགས། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། རྟ་མགྲིན་ཤྭ་ན། ཞེས་པ་དང། རྡོ་རྗེའི་རིགས་ཀྱི་ཁྲོ་བོའི་སྔགས། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཕཊ། ཕྱག་རྡོར་འགྲོ་བཟང། ཞེས་བཟླས་པའི་ཡུངས་ཀར་གཏོར་ལ་ཕྱི་འབྲང་གི་བགེགས་བསྐྲད། བསྟོད་པའི་སྐབས་སུ་ནི་སྤྱི་ བསྟོད་ཀྱི་རྗེས་སུ་རང་རང་གི་བསྟོད་པ་བྱའོ། །བཟླས་པའི་སྐབས་སུ། ཨོཾ་བྷ་ག་ཝ་ཏེ་སིདྡྷི་སིདྡྷ་ཡ་སིདྡྷ་རྠེ་སཱཧཱ། ཞེས་པའི་གནས་སུ་པདྨའི་རིགས་ལ། ཨོཾ་བ་སུ་མ་ཏི་ཤྲི་ཡེ་སཱཧཱ། ཞེས་དང། རྡོ་རྗེའི་རིགས་ལ། ཨོཾ་བཛྲ་ཡ་ཛ་ཏ་ན་ཛ་ཡེ་སཱཧཱ། ཞེས་བརྗོད་དོ། ། སྔ་ཕྱིའི་ཆོ་ག་ཐུན་མོང་བ་གཞན་ཐམས་ཅད་ནི་གདུགས་དཀར་གྱི་ཆོ་ག་ལྟར་བྱའོ།། ༈ །།བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་སྒོམ་བཟླས་སོགས་བྱེད་ཚུལ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་ཕཊ་སཱཧཱ། ཞེས་པའི་གནས་ [022A]༄༅། །སུ། ན་མ་ཤྩཎྜ་བཛྲ་ཀྲོ་དྷཱ་ཡ། གཏུམ་པོ་རྡོ་རྗེ་ཁྲོ་བོ་ལ་ཕྱག་འཚལ་ལོ། སྒོ་བ་བཞིའི་ཤར་སྒོ་བ། ཧུ་ལུ་ཧུ་ལུ། འབད་པར་གྱིས་འབད་པར་གྱིས། ལྷོ་སྒོ་བ། ཏིཥྛ་ཏི་ཥྛ། གནས་པར་གྱིས་གནས་པར་གྱིས། ནུབ་སྒོ་བ། བྷ་ནྡྷ་བནྡྷ། ཆིངས་ཆིངས། བྱང་ སྒོ་བ། ཧ་ན་ཧ་ན། སྣུན་སྣུན། འཆི་བ་མེད་པ། ཨ་མྲྀ་ཏེ་ཧཱུཾ་ཕཊ། བདུད་རྩི་འཁྱིལ་བའི། ཅེས་པ་གཞུག། དངོས་གཞིའི་བདག་བསྐྱེད་ཀྱི་སྐབས་སུ། སྟོང་པའི་ངང་ལས། ན་མ་ཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་པའི་ སྔགས་ཀྱི་གདངས་ཀྱི་རྣམ་པར་ནམ་མཁའ་ལ་གྲགས་པར་གྱུར། བདག་དང་ལྷའི་དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པའི་རྣམ་པ་ཅན་གྱི་རང་གི་སེམས་ཉི་མའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ། ཞེས་པ་ནས། ཡིག་འབྲུ་བྲིས་པའི་རྣམ་པ་ཅན་དུ་འཁོད་པ་ཡོངས་སུ་ གྱུར་པ་ལས། སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ན་མ་ཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་པས་མཚན་པར་གྱུར། ཉི་མ་དང་ཕྱག་མཚན་སྔགས་དང་བཅས་པ་ལས་འོད་ཟེར་སྣ་ཚོགས་བྱུང་བའི་རྩེ་མོ་ ལས་དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ལྷའི་གཟུགས་དཔག་ཏུ་མེད་པ་བྱུང་ནས་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པར་བྱས། ཞེས་དང་ ལྷའི་སྐུ་དང་བཅས་པའི་འོད་ཟེར་སླར་ལོག་ནས་རང་གི་སེམས་ཉི་མའི་དཀྱིལ་འཁོར་དང་ཕྱག་མཚན་སྔགས་དང་བཅས་པ་ ལ་ཞུགས་པ་ལས། རང་ཉིད་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ་གཡས་པས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་ཅིང། གཡོན་པ་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། སེམས་དཔའི་ [022B] རབ་ཏུ་གདངས་པའི་སྤྱན་གསུམ་དང་ལྡན་པ། ཁྲོ་གཉེར་ཅུང་ཟད་བསྡུས་ཤིང་ཡིད་ཙམ་འཛུམ་པ། ཤིན་ཏུ་བརྗིད་ཅིང་སྤྲུལ་པ་དུ་མ་འཕྲོ་བ་གྱུར། དེའི་སྤྱི་བོར་ཨོཾ་ལས་ འཁོར་ལོ་དཀར་པོའི་ལྟེ་བར་ཨོཾ་གྱིས་མཚན་པ། ཞེས་པ་ནས། ཐུགས་ཀར་ཧཱུཾ་ལས་རྡོ་རྗེའི་སྔོན་པོའི་ལྟེ་བར་ཧཱུཾ་གིས་མཚན་པ། སྔར་བཤད་པའི་རྡོ་རྗེའི་རིགས་ཀྱི་དམ་རྒྱ་བཅིངས་ལ། ཨོཾ་བཛྲ་ཨུདྦྷ་ཝ་ཡེ་སཱཧཱ། ཞེས་པས་ཐུགས་ཀ་ལ་སོགས་པའི་གནས་བཞི་བྱིན་གྱིས་བརླབས་ཏེ་ ཡེ་ཤེས་པ་གཞུག་པ་སོགས་བྱེད་ན། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་སེམས་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་ལ། ཆུ་གཉིས་ནས་རོལ་མོའི་བར་གྱིས་མཆོད་ནས། ཛཿ་ཧཱུཾ་བཾ་ཧོཿ་ ཞེས་ རང་དང་གཉིས་སུ་མེད་པར་གྱུར། པར་བསམ་ སླར་ཡང་ཧཱུཾ་ལས་འོད་འཕྲོས་པས་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས་ པ་ལ་སྔར་བཞིན་མཆོད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བཧི་ཤིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ཀྱིས། ཨོཾ་ སརྦ་ཏ་ཐཱ་ག་ཏ་ཨ་བཧི་ཤེ་ཀ་ཏ་ས་མ་ཡེ་ཨཱ་ཧཱུཾ་སཱ་ཧཱ། ཞེས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པའི་ཆུས་དབང་བསྐུར་བས་སྒོ་གསུམ་གྱི་དྲི་མ་སྦྱངས་ནས་ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན། པར་བསམ་མོ། ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་ དཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སཱཧཱ། ཞེས་སོགས་ཕྱག་རྒྱ་སྔགས་དང་བཅས་པ་མདུན་བསྐྱེད་ཀྱི་སྐབས་ནས་འབྱུང་བ་ལྟར་གྱི་ཆུ་གཉིས་ནས་རོལ་མོའི་བར་གྱིས་མཆོད་ནས། མཚམས་སྤྲིན་གཞོན་ནུས་ཡོངས་སུ་བསྐོར་བ་ཡི། །རིན་ཆེན་མ་རྒད་རི་བོ་ཇི་བཞིན་དུ། །ཡེ་ཤེས་མེ་ [023A]༄༅། །ཆེན་འབར་བའི་ཀློང་དཀྱིལ་ན། །ཁྲོ་འཛུམ་ཉམས་ཀྱིས་བརྗེད་ལ་ཕྱག་འཚལ་ལོ། །སྤྲོས་བྲལ་ཆོས་སྐུའི་ངང་ལས་མ་གཡོས་པར། །གྲངས་མེད་སྤུལ་པ་ཕྱོགས་བཅུར་སྤྲོས་པ་ཡིས། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བ། ། དཔག་ཡས་རྡོ་རྗེའི་རིགས་ལ་ཕྱག་འཚལ་ལོ། །དེ་ལྟར་འཁོར་དང་བཅས་པའི་བཅོམ་ལྡན་གྱིས། །བགེགས་ཚོགས་རྣམས་ཀྱི་ཉེར་འཚེ་དེ་ཡི་རྒྱུ། །ལས་ཀྱི་སྒྲིབ་པ་བག་ཆགས་བཅས་པ་ཀུན། །མྱུར་དུ་བྱང་ཞིང་དག་པར་མཛད་དུ་གསོལ། ། ཞེས་པས་བསྟོད་དོ། ། བདག་བསྐྱེད་ཀྱི་བཟླས་པ་བྱེད་ན་འདིར་བྱའོ། །མདུན་བསྐྱེད་ཀྱི་སྐབས་སུ། ནང་གི་སྟེང་དང་འོག་གི་ས་གཞི་ཐམས་ཅད་ཤར་དཀར། ལྷོར་སེར། ནུབ་དམར། བྱང་ལྡང། དབུས་སྔོ་བར་གྱུར་པའི་དབུས་སུ། སྣ་ཚོགས་པདྨ་དང་ཉི་མའི་གདན། ན་མཿ་སརྦ་ཏ་ཐཱ་ག་ཏཱ་ནཱཾ་ ཞེས་སོགས་དང། སྤྱན་འདྲེན་གྱིས་སྐབས་སུ། བཛྲ་དྷྲྀཀ་ཨེ་ཧྱེ་ཧི་ཨོཾ་སརྦ་ཏ་ཐཱ་ག་བཛྲེ་བི་དཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སཱ་ཧཱ། ཞེས་མཆོད་ཡོན་ལྟེ་བའི་ཐད་ནས་དབུལ་ལོ། །བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ལ་རིག་སྔགས་དང་གསང་སྔགས་དང་ཁྲོ་བོ་ དང་མངག་གཞུག་པ་དང། མངག་གཞུག་མ་ལ་སོགས་པ་ནམ་མཁའི་དབྱིངས་ཁྱབ་ཅིང་ཁོར་ཡུག་ཏུ་བསྐོར་བ་བྱོན་པ་ནི། དབུས་ཀྱི་པད་ཉིའི་གདན་ལ་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན། ཞེས་པ་ནས། ཤིན་ཏུ་བརྗིད་ཅིང་སྤྲུལ་ པ་དུ་མ་འཕྲོ་བར་གྱུར། དེའི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོའི་ལྟེ་བར་ཨོཾ་གྱིས་མཚན་པ། ཞེས་སོགས་དང། སྤྱི་བསྟོད་ཀྱི་རྗེས་སུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ནི། །རྡོ་རྗེ་ཁྲོ་བོའི་སྐུར་བསྟན་པ། །རྣམ་ [023B] །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡི། །མི་ཕྱེད་སྲུང་བའི་འཁོར་ལོ་ནི། །ཀུན་ནས་འབར་བའི་མེ་དཔུང་གིས། །བསྐོར་བའི་གནས་ལ་ཕྱག་འཚལ་ལོ། །རྣམ་པར་རྒྱས་པའི་པདྨ་ཡི། །སྙིང་པོ་ཉི་མའི་དཀྱིལ་འཁོར་ལ། །བསྒྱིངས་ པའི་ཚུལ་གྱིས་ལེགས་བཞུགས་པ། །རྡོ་རྗེ་རྣམ་འཇོམས་དཔལ་ལ་འདུད། །སྣ་ཚོགས་འཕྲིན་ལས་བསྒྲུབ་པའི་ཕྱིར། །སྐུ་མདོག་མ་རྒད་ལྟར་གསལ་བ། །རྒྱན་རྣམས་ཀུན་གྱིས་ལེགས་པར་སྤྲས། །སྤྲུལ་པའི་འོད་ཟེར་འཕྲོ་ལ་འདུད། །ཞལ་གཅིག་ ཕྱག་གཉིས་སྤྱན་གསུམ་ལ། །ཞི་དང་ཁྲོ་དང་འཛུམ་པ་དང། །དཔའ་བ་བརྩེ་བའི་ཉམས་དང་ལྡན། །དབང་ཕྱུག་དམ་པ་ཁྱོད་ལ་འདུད། །སྣ་ཚོགས་རྡོ་རྗེ་ཕྱག་གཡས་ཀྱིས། །ཉིད་ཀྱི་ཐུགས་ཀར་བསྒྱིངས་ནས་བསྣམས། །གཡོན་པ་དྲིལ་བུ་དཀུར་བརྟན་ པ། །རྣམ་རོལ་ཁྱོད་ལ་ཕྱག་འཚལ་ལོ། །གསུང་གི་རིག་སྔགས་ང་རོའི་དབྱངས། །འབྲུག་སྒྲ་སྟོང་བཞིན་རྣམ་སྒྲོག་པས། །བདུད་དཔུང་མ་ལུས་ཟིལ་གནོན་ཅིང། །འདོད་དགུ་སྦྱིན་པར་མཛད་ལ་འདུད། །ཁྱོད་ཐུགས་ཟབ་པས་ཉེར་ཞི་ཡང། །རྒྱ་ཆེན་རོལ་པས་ ཀུན་ཁྱབ་མཛད། །མི་གཡོ་ཀུན་འགྲོ་རྟག་བརྟན་པ། །ཡེ་ཤེས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཡོན་ཏན་འཕྲིན་ལས་རིན་ཆེན་གྱི། །མི་ཟད་གཏེར་གྱུར་མགོན་ཁྱོད་ལ། །རྟག་ཏུ་གུས་པས་གསོལ་འདེབས་ཀྱིས། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། ། ཞེས་སོགས་ཀྱིས་བསྟོད། སྔ་ཕྱིའི་ཆོ་ག་གཞན་རྣམས་ནི་སྔ་མ་རྣམས་ལ་དཔགས་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམས་སྦྱར་རོ། །བུམ་བསྐྱེད་བྱ་ཚུལ་ནི། བདག་བསྐྱེད་བསྟོད་པ་དང་བཅས་པ་རྫོགས་པའི་རྗེས་སུ། བུམ་པ་སྤྱི་དང་མཐུན་པར་བཤམས་པའི་མཐར་མཆོད་པ་ཅི་འབྱོར་དང། གཙོ་བོའི་གཏོར་མ་ཆ་གསུམ་ [024A]༄༅། །དང་བཅས་པ་བཤམས་ལ། སྭ་བྷཱ་ཝ་ འི་སྔགས་ཀྱི་སྟོང་པར་སྦྱངས། སྟོང་པའི་ངང་ལས་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ། ཞེས་པ་ནས། མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར་པའི་ནང་དུ་སྣ་ཚོགས་པདྨ་དང་ཉི་མའི་གདན། །ན་ མ་ཤྩྞྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་པའི་སྔགས་ཀྱི་གདངས་ཀྱི་རྣམ་པར་ནམ་མཁའ་ལ་གྲགས་པར་གྱུར། སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་སྔགས་ཀྱི་གདངས་ཀྱི་རྣམ་པར་ནམ་མཁའ་ལ་གྲགས་ པ་དེ་ཤིན་ཏུ་དག་པའི་དངུལ་ཆུ། ཞེས་པ་ནས། ལྷའི་སྐུ་དང་བཅས་པའི་འོད་ཟེར་སླར་ལོག་ནས་ཉི་མའི་དཀྱིལ་འཁོར་དང་ཕྱག་མཚན་སྔགས་དང་བཅས་པ་ལ་ཞུགས་པ་ལས། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན། ཞེས་པ་ ནས། ཤིན་ཏུ་བརྗིད་ཅིང་སྤྲུལ་པ་དུ་མ་འཕྲོ་བར་གྱུར། དེའི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོའི་ལྟེ་བར་ཨོཾ་གྱིས་མཚན་པ། ཞེས་པ་ནས་གནས་བཞི་བྱིན་གྱིས་བརླབ་པའི་བར་བྱ་སྟེ། ཤཾ་ཀ་རེ་ས་མཱ་ཡེ་སཱཧཱ། བཛྲ་དྷྲྀཀ། ཅེས་ཕྱག་རྒྱ་བསྟན་པའི་རྗེས་སུ་ མཆོད་པ་བསང་བ་ནས། བྱང་ཆུབ་བར་དུ་བདག་བརྩོན་ནོ། ། ཞེས་པའི་བར་བྱ། བཟླས་པའི་སྐབས་སུ་དམིགས་པ་སྔར་ལྟར་བྱས་ལ། ལྷ་དང་སྔགས་ཀྱི་ཆེ་བ་དྲན་པའི་སྒོ་ནས་རྒྱུད་ཀྱི། རྒྱ་གར་སྐད་དུ། ཞེས་པ་ནས། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་རབ་ཏུ་སྨྲ་སོ་ འི་བར་ལན་ཅིག་ བརྗོད་ལ། དེ་ནས་གཟུངས་རིང་དང་ཡང་སྙིང་ལ་སོགས་པ་གྲངས་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླས་པའི་རྗེས་སུ། སྡིག་པ་ཐམས་ཅད་བྱང་བྱས་ནས། ། ཞེས་པ་ནས་ རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག་ ཅེས་པའི་བར་ལན་ཅིག་བརྗོད་དོ། །བུམ་བསྐྱེད་གཉིས་པ་བྱ་ཚུལ་ནི་སྔ་མ་ལ་དཔགས་ [024B] །གཏོར་མའི་སྐབས་སུ་གཏོར་མ་དང་པོ་བུམ་པའི་ལྷ་ལ་དབུལ་ལོ། །བཛྲ་དྷྲྀཀ་གཙྪ། ཞེས། ཡེ་ཤེས་པ་གཤེགས། དམ་ཚིག་པ་ཆུའི་ངོ་བོར་གྱུར་ པར་བསམ་མོ། །ཆོ་ག་གཞན་རྣམས་ནི་སྔ་མ་བཞིན་སྦྱར་རོ། །དེ་ནས་བུམ་པའི་ཆུ་དེས་རང་གཞན་ལ་བཀྲུ་བ་ལ་སོགས་ པའི་ཚུལ་ནི། རང་གཞན་གྱི་ལུས་དངོས་ལ་སོགས་པ་བཀྲུ་ཞིང་གཟུངས་རིང་ཚར་གཅིག་བརྗོད་པའི་རྗེས་སུ། ཡང་སྙིང་གི་མཐར། སརྦ་པཱ་པཾ་ཤིནྟཾ་ཀུ་རུ་སཱ་ཧཱ། སྡིག་པ་ཐམས་ཅད་ཞི་བར་གྱུར་ཅིག། ཅེས་དང། དེ་བཞིན་དུ་ཀུན་གྱི་མཐར། ཤིནྟཾ་ཀུ་རུ་སཱ་ཧཱ། ཞེས་སྦྱར་ཏེ། སརྦ་བིགྷྣན། བདགས་ ཐམས་ཅད། སརྦ་རོ་ག། ནད་ཐམས་ཅད། སརྦ་དུཤྚ་ན། བདུག་པ་ཐམས་ཅད། སརྦ་ཛྭ་ར། རིམས་ཐམས་ཅད། སརྦ་ཨུ་པ་དྲ་ཝེ། ཉེ་བར་འཚེ་བ་ཐམས་ཅད། སརྦ་གྲ་ཧེ། གདོན་ཐམས་ཅད། སརྦ་ཨ་ཀཱ་ལ་མྲྀ་ཏྱུ། དུས་མ་ཡིན་པར་འཆི་བ་ཐམས་ཅད། སརྦ་ དུར་སོ་བ་ནི། རྨི་ལམ་ངན་པ་ཐམས་ཅད། མཚན་མ་ངན་པ་ཐམས་ཅད། སརྦ་དུར་མི་ཏེ། སེམས་ཀྱི་འཇིགས་པའམ་གནོད་པའི་རིགས་ཐམས་ཅད་ཞི་བར་གྱུར་ཅིག། སརྦ་ཙིཏྟ་བྱ་ཀུ་ལེ་ཤིནྟཾ་ཀུ་རུ་སཱ་ཧཱ། ཞེས་བརྗོད་ཅིང་བཀྲུ་བར་བྱའོ། །དེ་ནས་བྱབ་པ་ནི། ཤིནྟཾ་ཀུ་རུ་སཱ་ཧཱ། ཞེས་ པའི་གནས་སུ། ཨ་པ་ན་ཡེ་སཱཧཱ། ཞེས་པ་ཀུན་གྱི་མཐར་སྦྱར་ཏེ་ཡང་སྙིང་གི་རྗེས་སུ། སརྦ་པཱ་པཾ། ཞེས་པ་ནས། སརྦ་ཙིཏྟ་བྱ་ཀུ་ལེ་ཨ་པ་ན་ཡེ་སཱ་ཧཱ། ཞེས་བརྗོད་ཅིང་རྡོ་རྗེ་རྨ་བྱའི་མཇུག་སྒྲོ་དང་བཅས་པ་པ་བཟུང་སྟེ་བྱབ་པར་བྱའོ། །དེ་ནས་སྲུང་བ་ནི། སྤྱི་བོར་རྡོ་རྗེ་བཟུང་ལ་ ན་མ་ཤྩྞ་བཛྲ་ཀྲོ་དྷཱ་ཡ། ཞེས་པ་ནས་ ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་ཡང་སྙིང་གི་མཐར། སརྦ་པཱ་པཱ་རཀྵ་རཀྵ། སྡིག་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག། སརྦ་ཙིཏྟ་བྷྱ་ཀུ་ལེ་རཀྵ་རཀྵ། སེམས་ཀྱི་འཇིགས་པའི་རིགས་ཐམས་ཅད་ལས་སྲུངས་ཤིག་ [025A]༄༅། ། སྲུངས་ཤིག་ཅེས་ཀུན་གྱི་མཐར་རཀྵ་རཀྵ། ཞེས་སྦྱང་བབ་བརྗོད་ཅིང་བསྲུང་བར་བྱའོ། །དེ་ནས་གཟུགས་རིང་ཚར་གཅིག་བརྗོད་པའི་མཐར་ རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང། །རྡོ་རྗེ་རྣམ་པར་འཇོམས་པའི་བྱིན་རླབས་ཀྱིས། ། འགྲོ་བ་འདི་ལ་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག་ ཅེས་བརྗོད་ནས་མེ་ཏོག་འཐོར་ཞིང་སླར་ཡང་རོལ་མོའི་སྒྲ་དང་བཅས་པས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་ཅིང་མེ་ཏོག་འཐོར་བར་བྱའོ།། ༈ །།པདྨའི་ རིགས་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དཔལ་མོ་ལུགས་ལ་སོགས་པའི་བཟླས་བརྗོད་བྱ་ཚུལ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏོཎཱི་ཥ་སི་ཏ་ཏ་པ་ཧྲེ་ཧཱུཾ་ཕཊ་སཱ་ཧཱ། ཞེས་པའི་གནས་སུ། ན་མོ་རཏྣ་ཏྲ་ཡཱ་ཡ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མཿ་ཨཱ་རྱ་ཛྙཱ་ན་སཱ་ ག་ར། ཕྱག་འཚལ་ལོ་འཕགས་པ་ཡེ་ཤེས་རྒྱ་མཚོ། བཻ་རོ་ཅེ་ན། རྣམ་པར་སྣང་མཛད། བྱའུ་ཧ་རཱ་ཛཱ་ཡ། བཀོད་པའི་རྒྱལ་པོ་ལ། ཏ་ཐཱ་ག་ཏཱ་ཡ། དེ་བཞིན་གཤེགས་པ་ལ། ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ་ ཕྱག་འཚལ་དེ་བཞིན་གཤེགས་པ་ཐམས་ཅད་ལ། ཨརྷི་ བྷྱ་ དགྲ་བཅོམ་པ་ལ། སམྱ་ཀ་སཾ་བུདྡྷ་བྷྱ་ ཡང་དག་པར་རྫོགས་པའི་སངས་རྒྱས། ན་མཿ་ཨཱརྲྱ། ཕྱག་འཚལ་འཕགས་པ། ཨ་ཝ་ལོ་ཀེ་ཏེ་ཤྭ་རཱ་ཡ། སྤྱན་རས་གཟིགས་དབང་ཕྱུག་ལ། བེ་དཧི་སཏཱ་ཡ། བྱང་ཆུབ་སེམས་དཔའ་ལ། མཧཱ་སཏ་ཡ། སེམས་ དཔའ་ཆེན་པ་ལ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཐུགས་རྗེ་ཆེན་པོ་ཅན་ལ། ཏདྱ་ཐཱ། འདི་ལྟ་སྟེ། ཨོཾ་དྷ་ར་དྷ་ར། དཧི་རི་དཧི་རི། དཧུ་རུ་དཧུ་རུ། ཨིཏྣེ། ཝཊྚེ། ཙ་ལེ་ཙ་ལོ། གཡོ་བ་གཉིས། པྲ་ཙ་ལེ་པྲ་ཙ་ལེ། རབ་ཏུ་གཡོ་བ་གཉིས། ཀུ་སུ་མེ། མེ་ཏོག་ཀུ་སུ་མ་ [025B] མེ་ཏོག་གི་མཆོག་ ཨི་ལི་མི་ལི། སེམས་ཀྱི་འབར་བ་ཞི་བར་མཛོད། ཙིཏྟ་ཛྭ་ལ་མ་པ་ན་ཡེ་སཱཧཱ། ཨ་ཡིད་པའང་ཡོད། ཅེས་པ་གཟུངས་རིང་ངམ། ཨོཾ་དཧར་དྷ་ར། དཧི་རི་དཧི་རི། དཧུ་རུ་དཧུ་རུ། ཨི་ཊྚེ། ཝ་ཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་ མེ། ཀུ་སུ་མི་ཝ་རེ། ཨི་ལི་མི་ལེ། སེམས་ཀྱི་འབར་བ་ཞི་བར་མཛོད། ཙི་ཏྟ་ཛྭ་ལ་མ་པ་ན་ཡེ་སཱ་ཧཱ། ཞེས་པ་གང་རུང་གཞུག་ལ། འདིའི་གཟུངས་རིང་གི་སྐབས་སུ། བལ་བལ་ཧ་བཏགས་ནས་ཞབས་ཀྱུ་བྱས་པའི་བཧུ་ཏ་ཞེས་པའི་བཧུ་ནི་མ་དག་པ་ཡིན་པས། བལ་ཡ་བཏགས་ནས་ཞབས་ཀྱུ་བྱས་པའི་ བྱུ་ཞེས་པ་དག་པས་བྱུ་ཧ་རཱ་ཛཱ་ཡ་ཞེས་འདོན་པར་བྱའོ། །མཚམས་སྦྱོར་ཕྲལ་ན། བི་ཨུ་ཧ་རཱ་ཛའ་ཡ་ཞེས་པར་འགྲོ་གསུང་ངོ། །བྱ་སྤྱོད་ཀྱི་བཟླས་པའི་སྐབས་སུ། བཟླས་པའི་འཕྲོ་ལ་གཉིད་བྲོ་བའཾ་གླལ་ལམ་སྤྲིད་པའམ་ལུད་པ་ངམ་འོག་རླུང་ངམ་བཤད་གཅི་སོགས་བྱུང་བ་དེ་མ་ཐག་ཕྲེང་བ་ལ་ཞག་སྟེ་འཆག་ པ་སོགས་བྱས་ནས་ཉེ་རིག་བྱས་ཏེ། གྲངས་ཀྱི་ཐོག་མ་ནས་བརྩམས་པར་གསུངས་ཏེ། དེ་ཡན་ཆད་བཟླས་པའི་གངས་སུ་མི་གཞུག་ཅེས་པའི་དོན་ཡིན་ནོ། །གཞན་ཡང་བག་མེད་པས་ལྷ་གཞན་གྱི་བཟླས་པ་བྱས་ནའང་ཡིད་ཀྱིས་གསོལ་བ་བཏབ་ནས་བཟླས་བརྗོད་བསྐྱར་བ་དང། བགེགས་ཀྱིས་བརླམས་པ་ དང་ནད་ཀྱིས་གཟེར་བ་དང། ལྷོད་པ་དང་བག་མེད་པ་དང་ལུས་དང་སེམས་སྐྱོ་བ་དང། ཆོ་ག་ཇི་སྐད་བཤད་པའི་དུས་ལས་འདས་པར་བྱས་པ་དང། མ་བསྡམས་པ་དང་མི་གཙང་བས་བཟླས་བརྗོད་བྱས་པ་དང། མཚན་མོ་རྨི་ལམ་ངན་པ་བྱུང་བས་ཉིན་མོ་རིགས་ཀྱི་བདག་པོ་གང་ཡིན་གྱི་སྔགས་བརྒྱ་ མ་བཟླས་པར་བཟླས་བརྗོད་བྱས་པ་རྣམས་བཟླས་པའི་གྲངས་སུ་མི་གཞུག་པར་ལེགས་གྲུབ་ལས་གསུངས་སོ། །དེས་ན་སྔར་བཤད་པའི་འཛག་པ་བསྲུང་བ་དང། བ་དམར་སེར་གྱི་པ་བྱུང་ལྷ་ལ་སོགས་པ་ལ་བརྟེན་པའི་བཟླས་བརྗོད་ཟླ་བ་ཕྱེད་ཀྱི་བདག་བྱེད་ལ་བརྩོན་པར་བྱའོ། །བདག་བསྐྱེད་ལྷ་དྲུག་ལྟ་ [026A]༄༅། །བུ་རྫོགས་པའི་རྗེས་སུ་ལྷ་བསྒོམ་པ་བསྙེན་པའི་གཙོ་བོ་ཡིན་པས་རྒྱ་ཆེ་བ་དང་ཟབ་པ་ལ་བསླབ་ཚུལ་གཉིས་ལས། རྒྱ་ཆེ་བ་རྣམ་པ་ལ་བསླབ་ཚུལ་ནི། རང་ལྷ་གང་དུ་བསྒོམས་པ་དེའི་སྐུའི་རྣམ་པ་རགས་པ་ཚང་བ་ཞིག་གསལ་བཏབ་ལ། དེ་ལ་བྱིང་རྒོད་དང་ བྲལ་བར་བྱས་ཏེ་སེམས་བཟུང། གསལ་བཏབ་པའི་ནང་ནས་བྱེ་བྲག་པ་ཞིག་ལྷག་པར་གསལ་ན་གང་གསལ་དེ་ལ་སེམས་བཟུང། དེ་མི་གསལ་ན་སྔར་བཞིན་སྤྱི་ལ་སེམས་བཟུང་ཞིང། གང་གསལ་བཏབ་པ་ལས་གཞན་པའི་དམིགས་པ་གང་ཤར་ཡང་དེའི་རྗེས་སུ་མི་འབྲང་བར་སྔར་གྱི་དམིགས་ པ་ཉིད་བསྐྱང་ངོ། གོ་རིམ་པ་བསླབ་ཚུལ་ནི། ལྷ་གཅིག་གི་སྐུའི་ཆ་ཕྲ་རགས་ན་བཟའ་རྒྱན་དང་བཅས་པ་ལ་གསལ་སྣང་ཐོབ་ནས། སེམས་གནས་པ་རྙེད་པ་ན་ལྷ་གཉིས་པ་དང་སྦྲེལ་པ་སོགས་ཇེ་མ་ཇེ་མང་ལ་བཏང་ནས། རྟེན་གཞལ་ཡས་ཁང་ཡོད་པ་རྣམས་ལ་མཐར་རྟེན་དང་བརྟེན་པའི་ དཀྱིལ་འཁོར་གྱི་ཕྲ་རགས་ཐམས་ཅད་ལ་མངོན་སུམ་དུ་མཐོང་བ་དང་འདྲ་བའི་གསལ་སྣང་རྙེད་རྙེད་དུ་སྦྱང་ངོ། །རྟེན་གཞལ་ཡས་ཁང་མེད་པ་རྣམས་ལའང་སྲུང་འཁོར་སོགས་གང་བསྐྱེད་དང། ལྷའི་སྐུའི་ཆ་ཕྲ་རགས་ཐམས་ཅད་ལ་དེ་ལྟར་བསྒོམ་པར་བྱའོ། །ང་རྒྱལ་ལ་བསླབ་ཚུལ་ནི། རང་ ལྷ་གང་དུ་བསྒོམས་པ་དེ་དངོས་ཡིན་ནོ་སྙམ་པའི་ངེས་པ་ཤུགས་ཅན་ཞིག་བསྐྱེད་པ་དང། ངེས་པ་དེ་ཉིད་ལ་རྩེ་གཅིག་ཏུ་གནས་ཏེ་ཇི་སྲིད་དང་ང་རྒྱལ་འགྱུར་བའི་ཏིང་འཛིན་རྙེད་རྙེད་དུ་སྦྱང་བ་གཉིས་ནི་རྒྱ་ཆེ་བ་ལ་བསླབ་ཚུལ་ལོ། །དེའང་རྣམ་པ་གསལ་བ་དང་ང་རྒྱལ་བརྟེན་པ་གཉིས་ཀ་ དགོས་ལ། རེ་རེ་ལས་མེད་ན་ང་རྒྱལ་བརྟན་པ་ཉིད་རྒྱུད་ལྷས་བྱིན་གྱིས་བརླབ་པའི་གཙོ་བོ་ཡིན་ནོ། །ཟབ་པ་ལ་བསླབ་ཚུལ་ནི། དམིགས་པ་ལྷའི་འཁོར་ལོ་ལ་དམིགས་ནས་རྣམ་པ་རང་བཞིན་མེད་པའི་སྟོང་པ་ཉིད་བསྒོམ་པའོ། །དེ་ནས་སྟོང་པ་ཉིད་ཀྱི་ལྟ་བ་རྙེད་ནས་ལྟ་ཐོག་ཏུ་ [026B] གཟུགས་རྣམས་རྟེན་དང་བརྟེན་པའི་ལྷའི་འཁོར་ལོར་ཤར་བ་ཟབ་གསལ་གཉིས་མེད་ཀྱི་ལམ་འདི་རྒྱུད་སྡེ་འོག་མ་གསུམ་གྱི་བྱང་ཆུབ་ཏུ་བགྲོད་པའི་ལམ་གྱི་གཙོ་བོ་ཡིན་ནོ། །ལྷ་དྲུང་བསྒོམ་པ་དང་བཟླས་ བརྗོད་ཡན་ལག་བཞི་ནི་བླ་མེད་ཀྱི་བསྐྱེད་རིམ་བཟླས་པ་དང་བཅས་པའི་དོད་ཡིན་ལ། མེ་གནས་ཀྱི་དེ་ཉིད་དང། སྒྲ་གནས་ཀྱི་དེ་ཉིད་དང། སྒྲ་མཐའི་དེ་ཉིད་ཀྱི་བསམ་གཏན་གསུམ་ནི་བླ་མེད་ཀྱི་རྫོགས་རིམ་གྱི་དོད་ཡིན་ནོ། །དེའང་མེ་གནས་སྒོམ་ཚུལ་ནི། བཟླས་བརྗོད་ཡན་ལག་བཞིའི་རྣལ་ འབྱོར་གྱི་རྗེས་སུ། རང་ལྷར་གསལ་བའི་ཐུགས་ཀར་དྲི་མ་མེད་པའི་ཟླ་བའི་དཀྱིལ་འཁོར་ཕྲ་བའི་ནང་དུ་མར་མེའི་མེ་ལྕེ་ལྟ་བུའི་མེ་འབར་བའི་ནང་དུ་སྐབས་ཀྱི་སྔགས་གང་ཡིན་པ་དེ་རང་གི་སེམས་སྔགས་ཀྱི་གདངས་ཀྱི་རྣམ་པར་དྲིལ་བུའི་སྒྲ་བཞིན་དུ་རྒྱུན་མི་འཆད་པར་གྲག་པ་ལ་ཉན་པའི་རྣམ་པས་ དབུགས་འབྱུང་འཇུག་བསྡམས་ཏེ་བྱིང་རྒོད་དང་བྲལ་བར་སེམས་རྩེ་གཅིག་ཏུ་འཇོག་པའོ། །སྒྲ་གནས་ནི། མེ་ལ་དམིགས་པ་གཏད་ལ་སྙིང་གར་གནས་པའི་སྒྲ་འབའ་ཞིག་ལ་སྔར་ལྟར་དབུགས་འབྱུང་འཇུག་བསྡམས་ཏེ་སེམས་རྩེ་གཅིག་ཏུ་འཇོག་པའོ། །དབུགས་ཕྱིར་གཏོང་བའི་ཚེ་རང་ལྷར་བསྒོམས་པ་ ལ་དམིགས་པར་བྱའོ། །སྒྲ་ལ་དམིགས་པ་ན་ལྷ་དང་ཟླ་བ་དང་མེ་གང་ལའང་མི་དམིགས་ཤིང་སྒྲའི་གདངས་འབའ་ཞིག་ལ་དམིགས་པས་མེ་གནས་དང་མི་འདྲའོ་མེ་གནས་དང་སྒྲ་གནས་གཉིས་ནི་རང་གི་སྔགས་ཡིད་ལ་འདོན་པའི་རྣམ་པ་ཅན་མིན་གྱི། གཞན་གྱིས་སྔགས་བཏོན་པ་ཉན་པ་བཞིན་དུ་སྙིང་ གར་སྔགས་ཀྱི་གདངས་ཀྱི་རྣམ་པས་གྲག་པ་ལ་ཉན་པའི་རྣམ་པས་སེམས་འཇོག་པ་ཡིན་པས་བཟླས་བརྗོད་ཡན་ལག་བཞིའི་ཡིད་བཟླས་དང་མི་གཅིག་གོ། སྒྲ་ཐར་ཐར་པ་སྟེར་བའི་བསམ་གཏན་ནི། སྒྲའི་གདངས་ལ་དམིགས་པ་ཙམ་ཡང་བཞག་ལ་བདག་མེད་པའི་ལྟ་བ་ངེས་པར་བྱས་ནས་ལྟ་ཐོག་ [027A]༄༅། །ཏུ་བཞག་སྟེ་སྒོམ་པའོ། །དེ་ལྟར་ཡང་བསམ་གཏན་ཕྱི་མ་ལས། གསང་སྔགས་མེ་གནས་དངོས་གྲུབ་སྟེར། །སྒྲ་གནས་རྣལ་འབྱོར་སྟེར་བར་དྲན། །སྒྲ་མཐར་ཐར་པ་སྟེར་བ་ཉིད། །འདི་དག་དེ་ཉིད་གསུམ་པོ་ཡིན། །ཞེས་སོགས་གསུངས་སོ། །སྨྱུང་གནས་ནི་རྒྱུད་ སྡེ་འོག་མ་གསུམ་གའི་ལྷ་སྒོམ་པའི་སྐབས་སུ་བྱ་བར་གསུངས་སོ། །བྱ་སྤྱོད་ཀྱི་སྤྱིའི་ཆོ་གའི་རྣམ་པར་བཞག་པ་རིགས་གསུམ་ལ་སྦྱོར་ཚུལ་འདི་ནི། རྨད་དུ་བྱུང་བའི་མཁྱེན་པ་ཕུལ་དུ་ཕྱིན་པ་བརྙེས་ནས་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པ་ ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་གྱི་ཞལ་སྔ་ནས་ཀྱི་ཕྱག་བཞེས་ལྟར་དཀའ་བཞི་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཡི་གེར་བཀོད་པའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ ཅད་དུ་དར་ཞིང་རྒྱས་ནས་ཡུན་རིང་དུ་གནས་པར་གྱུར་ཅིག་ མངྒླཾ། །